[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཡག་ར་མཐའ་མཚམས་མངགས་གཏོང་ཁང་ལ་སྤྱི་བདེ་པུའི“མཉམ་སྡེབ་བྱས་རྗེས་རིམ་པ་དང་པོ”ཐོབ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-05

    zengfg9a1c09.jpg

    འདི་ནི་གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ཡག་ར་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་སྤྱི་བདེ་པུས་གནང་བའི“མཉམ་སྡེབ་བྱས་རྗེས་རིམ་པ་དང་པོའི”གཟེངས་བསྟོད་ལག་ཁྱེར་དང་མཉམ་དུ་རྒྱག་པའི་པར་ཡིན་པ།

    ཉེ་དུས། རྒྱལ་ཡོངས་གནས་སྤོས་ཡུལ་མི་དོ་དམ་ཁོངས་གཏོགས་ཀྱིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་རྟེན་འབྲེལ་ཆེ་མོའི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་དུ་འཚོགས་ཤིང་། གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ཡག་ར་མཐའ་མཚམས་མངགས་གཏོང་ཁང་ལ་སྤྱི་བདེ་པུའི“མཉམ་སྡེབ་བྱས་རྗེས་རིམ་པ་དང་པོ”ཐོབ་པ་ནི་སྤྱི་བདེ་མཐའ་སྲུང་དཔུང་སྡེ་སྒྱུར་བཅོས་བྱས་ཚུན་དཔྱད་ཞིབ་ཆེ་མོ་ཐེངས་དང་པོའི་ཁྲོད་སྔོན་ཐོན་མཉམ་སྡེབ་ཏུ་བདམས་པའི་འཐུས་ཚབ་ཡིན་ལ། བོད་ཀྱི་གནས་སྤོས་ཡུལ་མི་དོ་དམ་ཁོངས་གཏོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་ཚན་པ་དང་མཉམ་སྡེབ་འབའ་ཞིག་དེ་ཡིན་པ་རེད།

    ཡག་ར་མཐའ་མཚམས་མངགས་གཏོང་ཁང་ནི་གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་ཡག་ར་ཤང་ཁོངས་སུ་ཡོད་ལ། ནེ་པ་ལ་དང་ས་འབྲེལ་ཡིན་ཞིང་། བཅའ་སྡོད་བྱ་ཡུལ་གྱི་ས་བབ་མཐོ་ཚད་སྨི་5300ཡིན། ལོ་རེའི་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་20℃ཟིན་ནས། ཀུན་གྱིས“སྲོག་གནས་དཀའ་ཁུལ”དང“ཚང་མས་བརྗེད་པའི་ཡུལ”ཞེས་འབོད་ཀྱི་ཡོད། དུས་ཡུན་རིང་པོར། ཡག་ར་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་ཡོངས་ཀྱིས་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་ཁེར་རྐྱང་བསྡད་འདོད་པར་བྱས་ཏེ། གངས་ལྗོངས་ས་མཐོའི་བྱེ་རླུང་དང་གྲང་ངར་ལ་མ་འཛེམས་པར་སྤྱོད་ཚུལ་ཏན་ཏིག་ངང་ཏང་དང་མི་དམངས་ཀྱིས་དཀྲིས་པའི་ལས་འགན་ཁག་གྲུབ་འབྲས་ཐོབ་པའི་ངང་ལེགས་སྒྲུབ་བྱས་པར། སྔ་རྗེས་སུ་མཉམ་སྡེབ་བྱས་རྗེས་རིམ་པ་གསུམ་པ་ཐེངས་2ཐོབ་པ་མ་ཟད། ད་དུང་བོད་ལྗོངས་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱིས་གཞི་རིམ་འཛུགས་སྐྲུན་གྱི་དཔེ་དམག་ཚན་པར་ཐེངས་གཉིས་དང་། གཞིས་རྩེ་མཐའ་སྲུང་ཨུ་ལྷན་གྱིས“མཐའ་སྲུང་ལས་དོན་སྔོན་ཐོན་ཚན་པར”ཐེངས་གཅིག་བདམས་པ་རེད།

    ཡག་ར་ཤང་མཐའ་མཚམས་མངགས་གཏོང་ཁང་གི་སློབ་སྟོན་པ་གཞོན་པ་ཁྲེན་ཤིན་ཧྲི་ཡིས་བཅར་འདྲི་དང་ལེན་བྱེད་སྐབས། གྲུབ་འབྲས་འདི་འདྲ་ནི་རྩ་འཛུགས་ཀྱི་ཁྱིམ་ཚང་ཆེན་པོ་དང་མི་དམངས་ཉེན་རྟོག་པ་ཡོངས་ཀྱིས་འབད་བརྩོན་བྱས་པ་ལས་ཐོབ་པ་རེད། སྒྱུར་བཅོས་ཀྱི་དཔྱད་ཞིབ་ཆེ་མོ་ཐེངས་དང་པོར་དམིགས་ནས། འདི་ལོ་ཚུན། མངགས་གཏོང་ཁང་གིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་རྟེན་འབྲེལ་ཆེ་མོའི་བདེ་འཇགས་སྲུང་སྐྱོང་གཙོ་རྐང་དུ་བྱས་ཏེ། མཐའ་མཚམས་ཀྱི་བརྟན་ལྷིང་སྲུང་སྐྱོང་དང་དོ་དམ་ཚོད་འཛིན་དང་། གཏོགས་ཁོངས་ཀྱི་སྤྱི་ཚོགས་རིམ་ངོས་དོ་དམ་ཚོད་འཛིན་སོགས་ལྟེ་བའི་ལས་དོན་གཙོ་བོ་དམ་འཛིན་བྱས་ནས། བཅའ་སྡོད་བྱ་ཡུལ་གྱི་མང་ཚོགས་ལ་རང་འགུལ་ངང་ཞབས་འདེགས་ཞུས་ཏེ། སྲོག་གནས་དཀའ་ཁུལ་དུ་ལྷག་བསམ་མངོན་པ་དང་མཐའ་མཚམས་ཀྱི་འཐབ་ས་དང་པོར་ལས་འགན་སྒྲུབ་ཀྱི་ཡོད་ཅེས་བརྗོད།

    “གཟི་བརྗིད་མཚན་སྙན་ཐོབ་པ་ནི་ང་ཚོའི་ལས་དོན་ལ་ཁས་ལེན་དང་ལྕག་སྐུལ་ཆེན་པོ་བྱས་པ་ཞིག་རེད། ང་ཚོ་ནི་གཞི་རིམ་ཚན་པ་ཡོངས་ཀྱི་བསྡུས་རིས་ལྟ་བུ་ཞིག་རེད། ང་ཚོས་སྒྱུར་བཅོས་བྱས་ཀྱང་ཕུགས་བསམ་མི་འགྱུར་བ་དང་གྱོན་ཆས་བརྗེས་ཀྱང་ཚོས་གཞི་མི་འགྱུར་བར་བྱས་ནས། སྔར་བཞིན་ལྷག་བསམ་རྣམ་དག་གིས་ལས་འགན་སྒྲུབ་པ་དང་། སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་ཏེ། བྱ་སྤྱོད་དངོས་ནས་མཐའ་མཚམས་ས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་ཡིན”ཞེས་མངགས་གཏོང་ཁང་གི་སུའོ་ཀྲང་བསྟན་འཛིན་ཉི་མས་བརྗོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།