[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཁྲིམས་འཛིན་པུའི་སྤྱི་པའི་བཅའ་ཁྲིམས་ཞབས་འདེཌ་སྒྲོག་འགྲེལ་ཚོཌ་པས་བོད་དུ་སྒྲོག་འགྲེལ་བྱེད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-05

    ཉེ་དུས། ཁྲིམས་འཛིན་པུའི་སྤྱི་པའི་བཅའ་ཁྲིམས་ཞབས་འདེཌ་སྒྲོག་འགྲེལ་ཚོཌ་པས་རང་ལྗོངས་སུ་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་རེད། ཁྲིམས་འཛིན་པུའི་སྤྱི་པའི་བཅའ་ཁྲིམས་ཞབས་འདེཌ་དོ་དམ་ཅུས་ཀྱི་རིམ་པ་དང་པོའི་སྐོར་གཟིཌ་པ་ཅང་ཅིང་དང་། ཁྲིམས་འཛིན་པུའི་སྤྱི་པའི་བཅའ་ཁྲིམས་ཞབས་འདེཌ་དོ་དམ་ཅུས་འཆར་འགོད་འཕེལ་རྒྱས་ཁྲུའི་ཁྲུའུ་ཀྲང་ཀྲེང་ཀྲེན་ཡུས། ཁྲིམས་འཛིན་པུའི་ཆ་འཕྲིན་ལྟེ་གནས་འཆར་འགོད་དང་རྣམ་གྲངས་དོ་དམ་ཁྲུའི་ཁྲུའུ་ཀྲང་ཝང་ལི་ཧྭ་བཅས་སོ་སོས་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་བྱས་པ་རེད།

    སྒྲོག་འགྲེལ་ཚོགས་པས《སྤྱི་པའི་བཅའ་ཁྲིམས་ཞབས་འདེགས་མ་ལག་འཛུགས་སྐྱོང་ལ་མགྱོགས་མྱུར་སྐུལ་འདེད་དང་མི་དམངས་མང་ཚོགས་ཀྱི་བཅའ་ཁྲིམས་ཞབས་འདེགས་ཀྱི་དགོས་མཁོ་གསར་པ་ཧུར་ཐག་སྐོང་བ》དང་། 《གཞུང་དོན་ཁང་གཉིས་ཀྱི〈བསམ་འཆར〉འགྲེལ་བཤད》《ཀྲུང་གོའི་བཅའ་ཁྲིམས་ཞབས་འདེགས་ཀྱི་དྲ་བ་འཛུགས་སྐྱོང་ལ་མགྱོགས་མྱུར་སྐུལ་འདེད་དང་མི་དམངས་མང་ཚོགས་ཉེ་འགྲམ་གྱི་རིན་མི་དགོས་པའི་བཅའ་ཁྲིམས་བློ་འདྲི་གཏོད་པ》བཅས་ཆེད་དོན་དུ་བྱས་ནས་ཚད་མཐོའི་ཆབ་སྲིད་ཀྱི་ཚུགས་གནས་དང་། གཏིང་ཟབ་པའི་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད། རྒྱ་ཆེ་བའི་ལག་ལེན་དང་མཐོང་རྒྱ་བཅས་དང་ཟུར་ཚད་མི་འདྲ་བ་དང་རིམ་པ་མི་འདྲ་བའི་སྒོ་་ནས《སྤྱི་པའི་བཅའ་ཁྲིམས་ཞབས་འདེགས་མ་ལག་འཛུགས་སྐྱོང་བྱེད་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ཕྱོགས་ཡོངས་ནས་འགྲེལ་བཤད་བརྒྱབ་པ་དང་སྤྱི་པའི་བཅའ་ཁྲིམས་ཞབས་འདེགས་མ་ལག་འཛུགས་སྐྱོང་གི་དོན་སྙིང་གལ་ཆེན་དང་ནང་དོན་ལ་འགྲེལ་བཤད་གཏིང་ཟབ་བརྒྱབ་པས་རང་ལྗོངས་ཀྱིས་གཞུང་དོན་ཁང་གཉིས་ཀྱི《བསམ་འཆར》གྱི་དགོངས་དོན་གོ་བ་གཏིང་ཟབ་ལེན་པ་དང་སྤྱི་པའི་བཅའ་ཁྲིམས་ཞབས་འདེགས་མ་ལག་འཛུཌ་སྐྱོང་ལ་སྔར་བས་སྐུལ་འདེད་གཏོང་བར་མཛུབ་སྟོན་རང་བཞིན་དང་། དམིཌ་སའི་རང་བཞིན། བཀོལ་སྤྱོད་རང་བཞིན་བཅས་ཆེན་པོ་ལྡན་ཡོད་པ་རེད།

    རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཐིང་ཀྲང་བསྟན་པས་གཙོ་སྐྱོང་གནང་སྐབས་ཁྲིམས་འཛིན་པུའི་སྒྲོག་འགྲེལ་ཚོགས་པའི་སྙན་ཞུར་རིགས་པའི་གཞུང་ལུཌ་ཀྱི་མཐོ་ཚད་ལྡན་པ་མ་ཟད། ལག་ལེན་གྱི་དོན་སྙིང་ཟབ་མོའང་ལྡན་ཡོད། བྱ་ཐབས་དང་བྱེད་སྟངས་ཐད་དམ་འཛིན་བྱ་གཞི་ལྡན་ཡོད། སྒྲོག་འགྲེལ་གྱི་ཟུར་ཁྲིད་གཏིང་ཟབ་ཅིག་ཡིན་ལ་དུས་ཐོག་གི་སྐུལ་སློང་སྙན་ཞུའང་ཡིན་པས། ང་ཚོས་སྤྱི་པའི་བཅའ་ཁྲིམས་ཞབས་འདེགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དགོངས་པ་གལ་ཆེན་དེ་བས་ལེགས་པའི་སྒོ་ནས་གོ་བ་ལེན་པ་དང་ཁོང་དུ་ཆུད་པར་བྱེད་པ་དང་གཞུང་དོན་ཁང་གཉིས་ཀྱི《བསམ་འཆར》སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བཅས་ལ་དམ་འཛིན་ཡག་པོ་བྱེད་པར་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།