[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>རྒྱལ་ནང་གསར་འགྱུར།
  • 2018ལོར་རང་རྒྱལ་གྱིས་སྐྱོན་ལྡན་ཐོན་རྫས་ཕྱིར་བསྡུའི་ལམ་ལུགས་མ་ལག་སྔར་བས་འཐུས་ཚང་དུ་གཏོང་རྒྱུ་ཡིན་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-09

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཁབ་སྤུས་ཚད་ཞིབ་བཤེར་སྤྱི་ཁྱབ་ཅུས་ཁྲིམས་འཛིན་ལྟ་སྐུལ་སིའི་སི་ཀྲང་ཡན་ཧྥུང་མིན་གྱིས་2018ལོར་རྒྱལ་ཁབ་སྤུས་ཚད་ཞིབ་བཤེར་སྤྱི་ཁྱབ་ཅུས་ཀྱིས་སྐྱོན་ལྡན་ཐོན་རྫས་ཕྱིར་བསྡུའི་ལམ་ལུཌ་མ་ལག་སྔར་བས་འཐུས་ཚང་དུ་བཏང་སྟེ་འཛད་སྤྱོད་དངོས་རྫས་ཕྱིར་བསྡུའི་བཅའ་ཁྲིམས་ཀྱི་ཚད་ལྡན་མ་ལག་འཛུགས་རྒྱུར་གཙོ་གནད་ཐོག་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།

    ཡན་ཧྥུང་མིན་གྱིས་2017ལོའི་ཟླ་12ཚེས་29ཉིན་སྤུས་བཤེར་སྤྱི་ཁྱབ་ཅུས་ཀྱིས་འཚོགས་པའི་སྐྱོན་ལྡན་ཐོན་རྫས་ཕྱིར་བསྡུའི་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་སྤུས་བཤེར་སྤྱི་ཁྱབ་ཅུས་ཀྱིས《སྐྱོན་ལྡན་འཛད་སྤྱོད་དངོས་རྫས་ཕྱིར་བསྡུ་དོ་དམ་བྱ་ཐབས》ཀྱི་ཚད་ལྡན་ཡིག་ཆ་སྡེ་ཚན་གྱི་སྒྲིག་སྲོལ་ལ་རིམ་སྤོར་བྱ་རྒྱུར་སྐུལ་འདེད་བཏང་ནས་མི་ལུས་དང་རྒྱུ་ནོར་བདེ་འཇགས་དང་འབྲེལ་བ་ཡོད་པའི་འཛད་སྤྱོད་དངོས་རྫས་ཚང་མ་ཕྱིར་བསྡུའི་ཁྱབ་ཁོངས་སུ་རིམ་བཞིན་འཇུག་རྒྱུ་དང་འབྲེལ་འཛད་སྤྱོད་དངོས་རྫས་ཕྱིར་བསྡུའི་གོ་རིམ་ཚད་ལྡན་དུ་བཏང་ནས་འཛད་སྤྱོད་དངོས་རྫས་ཕྱིར་བསྡུའི་ཁྲིམས་འཛིན་གྱི་གོ་ཆོད་རང་བཞིན་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།

    གཞན་ཡང་ད་དུང་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་འཕྲུལ་སྒུལ་འཁོར་རིགས་ཀྱི་ཕྱིར་འབུད་སྐྱོན་ལྡན་རིགས་ཀྱི་ཕྱིར་བསྡུའི་ལམ་ལུགས་བཏོན་ནས་ལག་ལེན་བསྟར་རྒྱུ་དང་ཕྱིར་བསྡུ་དེ་བདེ་འཇགས་ཕྱིར་བསྡུ་དང་རླངས་འཁོར་ཧྲིལ་པོ་ཕྱིར་བསྡུ་ནས་ཁོར་ཡུག་སྲུང་སྐྱོང་ཕྱིར་བསྡུ་དང་ལྷུ་ལག་ཕྱིར་བསྡུ་བར་རྒྱ་སྐྱེད་བྱ་རྒྱུ་ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།