[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>རྒྱལ་ནང་གསར་འགྱུར།
  • སི་ཁྲོན་གྱིས་གྲོང་ཁྱེར་རིམ་པའི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་ཐོག་མ་དེ་བཙུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-09

    ཉེ་ཆར། སི་ཁྲོན་ཏེ་དབྱང་གྲོང་ཁྱེར་གྱིས་གྲོང་ཁྱེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་བཙུགས་པ་དང་། དེ་ནི་ཞིང་ཆེན་དེ་ཡོངས་ཀྱི་གྲོང་ཁྱེར་རིམ་པའི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་ཐོག་མ་དེ་ཡིན་པ་རེད། དེ་ནས་བཟུང་ཏེ་དབྱང་གྲོང་ཁྱེར་ཞིབ་དཔྱོད་ཁང་གི་ཧམ་ཟ་དང་འགན་འཛོལ་ལ་ངོ་རྒོལ་དང་། ལས་ཐོག་ཉེས་སོག་སྔོན་འགོག་ཅུས་ཀྱི་ལས་དོན་མི་སྣ་གྲོང་ཁྱེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་ནང་ཁོངས་སུ་བསྒྱུར་བ་དང་འབྲེལ་གྲོང་ཁྱེར་སྒྲིག་ཨུད་དང་མཉམ་རུབ་ཀྱིས་གཞུང་དོན་བསྒྲུབ་རྒྱུ་ཡིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཏེ་དབྱང་གྲོང་ཁྱེར་ལྟ་ཞིབ་ཨུ་ལྷན་གྱིས་ནང་འཛུགས་སྒྲིག་གཞི་ཁྱོན་21བཙུགས་པ་དང་། དེའི་ནང་སྒྲིག་ཁྲིམས་ལག་བསྟར་ལྟ་སྐུལ་སྒྲིག་གཞིས་76.2% བཟུང་ཡོད། ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཏེ་དབྱང་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་ཐོག་བདམས་ཐོན་བྱུང་བ་དང་། ཀྲུའུ་རེན་གཞོན་པ་དང་ཨུ་ཡོན་ཏེ་དབྱང་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་བསྐོ་བཞག་བྱས་པ། འབྲེལ་ཡོད་མི་སྣ་ཚང་མས་ཁྲིམས་བཞིན་རྩ་ཁྲིམས་མདུན་དུ་དམ་བཅའ་བཞག་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།