[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>རྒྱལ་ནང་གསར་འགྱུར།
  • ​ རང་རྒྱལ་གྱིས་རིམ་རྩིས་བྱས་ན་རྨོ་བསྐྱུར་ནགས་གསོ་དང་རྩྭ་གསོ་མུའུ་དུང་ཕྱུར་5ལྷག་ཙམ་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-10

    འདི་ལོ་ནི་རང་རྒྱལ་གྱིས་རྨོ་བསྐྱུར་ནགས་གསོ་དང་རྩྭ་གསོའི་འདུ་འགོད་ལག་བསྟར་བྱས་ནས་ལོ་20འཁོར་བའི་ལོ་ཡིན་པ་དང་། ལོ་20ཡི་རིང་རང་རྒྱལ་གྱིས་རིམ་རྩིས་བྱས་ན་རྨོ་བསྐྱུར་ནགས་གསོ་དང་རྩྭ་གསོ་མུའུ་དུང་ཕྱུར་5ལྷག་ཙམ་བྱས་པ་དེས་གཙོ་གནད་འདུ་འགོད་ཀྱི་ནགས་གསོའི་སྤྱིའི་རྒྱ་ཁྱོན་གྱི་40%བཟུང་བ་དང་ནགས་ཚལ་དུ་གྱུར་པའི་རྒྱ་ཁྱོན་མུའུ་དུང་ཕྱུར་4ཙམ་ཟིན་ནས་རྒྱལ་ཡོངས་ཀྱི་མི་བཟོས་ནགས་རའི་གསོག་ཉར་རྒྱ་ཁྱོན་གྱི་གསུམ་ཆ་གཅིག་ལས་བརྒལ་ཡོད་པ་རེད།

    རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་ཀྲང་ཅན་ལུང་གིས་ངོ་སྤྲོད་བྱས་པར། རྨོ་བསྐྱུར་ནགས་གསོ་དང་རྩྭ་གསོའི་འདུ་འགོད་ལག་བསྟར་བྱས་པ་དེར་སྣོད་བཅུད་དང་། དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཅིང་། ལོ་20ཡི་རིང་འདུ་འགོད་ཁུལ་གྱི་ནགས་ཚལ་ཁྱབ་ཚད་ཆ་སྙོམས་བརྒྱ་ཆའི་གྲངས་4ལྷག་ཙམ་འཕར་བ་མ་ཟད། འདུ་འགོད་ཀྱིས་ལོ་ལྟར་ཆུ་སྲུང་ས་འཇགས་དང་། རླུང་འགོག་བྱེ་འཇགས། ཐཱན་འཇགས་གསོ་རླུང་གཏོང་བ་སོགས་ཐད་ཐོན་པའི་སྣོད་བཅུད་ཕན་འབྲས་ཀྱི་སྤྱིའི་རིན་ཐང་སྒོར་དུང་ཕྱུར་ཁྲི་1.38ཟིན་གྱི་ཡོད། རྒྱལ་ཡོངས་སུ་ཞིང་དུད་ཁྲི་4100རྨོ་བསྐྱུར་ནགས་གསོ་དང་རྩྭ་གསོའི་ནང་ཞུགས་ཡོད་པ་དང་ཞིང་པ་དུང་ཕྱུར་1.58ལ་ཐད་ཀར་ཕན་པ་ཐོབ་ཡོད་པ་རེད། ཉེ་བའི་ལོ་10ཡི་རིང་རྨོ་བསྐྱུར་ཞིང་དུད་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལོ་རེར་ཆ་སྙོམས་14.7%འཕར་ཡོད། རྨོ་བསྐྱུར་ནགས་གསོ་དང་རྩྭ་གསོའི་འདུ་འགོད་ཀྱིས་ས་རྒྱུ་ཞན་པ་དང་ཐོན་འབབ་དམའ་བའི་རྨོ་ཞིང་ལྗང་མདོག་གི་གསེར་རི་དངུལ་རིར་གྱུར་པ་དེས་ཞིང་པ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་ནུས་ལྡན་བཏང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།