[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • ལྷ་གོང་མྱུར་བགྲོད་གཞུང་ལམ་རྒྱུད་ཀྱི་གཞུང་ལམ་གྱི་མཚོན་རྟགས་མིན་པའི་བྱང་བུ་63ཚང་མ་མེད་པར་བཟོས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-28

    sunqq95132_s.jpg

     རིམ་མཐོའི་གཞུང་ལམ་རྒྱུད་ཀྱི་གཞུང་ལམ་སྒྲིག་ཆས་མིན་རིགས་སྔར་བས་ཚད་ལྡན་ངང་དོ་དམ་བྱེད་པ་དང་། གཞུང་ལམ་བདེ་འཇགས་ཤར་གཏོང་ཐུབ་པའི་འགན་ལེན་ཏན་ཏིག་བྱེད་པ། ལམ་རྒྱུད་དུ་ཁོར་ཡུག་ཡག་པོ་ཞིག་གཏོད་པ་བཅས་བྱས་ནས་གཞུང་ལམ་ལམ་རྒྱུད་ཀྱི་ཐོན་ཁུངས་ལུགས་མཐུན་ངང་གསར་སྤེལ་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་ཆེད། འདི་ལོའི་ཟླ་བཞི་པ་ནས་ལྔ་པ་བར་ལྷ་གོང་གནམ་ཐང་མྱུར་བགྲོད་གཞུང་ལམ་བདག་སྐྱོང་ལྟེ་གནས་ལམ་སྲིད་ཁྲིམས་སྐྱོང་རུ་ཆེན་གྱིས་ཁོངས་གཏོགས་དོ་དམ་ལམ་རྒྱུད་དུ་ཆོག་མཆན་མ་ཐོབ་པ་དང་། སྒྲིག་ཁྲིམས་ལས་འགལ་བ། སྒྲིག་ལམ་ལས་འགལ་བ། སྙིགས་རོ་ཡིན་པ་སོགས་ཀྱི་གཞུང་ལམ་སྒྲིག་ཆས་མིན་རིགས་ལ་ཆེད་དོན་བཅོས་སྒྲིག་བྱས་པ་རེད།

    ད་ཐེངས་ཀྱི་ཆེད་དོན་བཅོས་སྒྲིག་ལས་དོན་ཁྲོད་ཁྱོན་གཞུང་ལམ་གྱི་མཚོན་རྟགས་མིན་པའི་བྱང་བུ་63མེད་པ་བཟོས་པ་དང་། སྟག་གདོང་ཤང་གི་ས་ཕག་ལས་སྣོན་བཟོ་གྲྭ་2གཙང་སེལ་བྱས་པ་མ་ཟད། གཞུང་ལམ་གྱི་སྔར་ཡོད་རྣམ་པ་སླར་གསོ་བྱེད་དགོས་པའི་བླང་བྱ་བཏོན་ནས་ལྗོན་ཤིང་རྐང་260ལྷག་ཙམ་བཏབ་པ་རེད།

    འདི་ལོའི་ཆེད་དོན་བཅོས་སྒྲིག་བྱེད་སྒོ་སྤེལ་ཚུན་ལྷ་གོང་གནམ་ཐང་མྱུར་བགྲོད་གཞུང་ལམ་བདག་སྐྱོང་ལྟེ་གནས་ལམ་སྲིད་ཁྲིམས་སྐྱོང་རུ་ཆེན་གྱིས་བཅའ་ཁྲིམས་དང་སྒྲིག་སྲོལ་བཞིན་ལྟ་སྐུལ་དོ་དམ་ནན་པོ་བྱས་ནས་གཞུང་ལམ་གྱི་བདག་དབང་ལ་བཙན་གནོད་མི་ཕོག་པའི་འགན་ལེན་དང་། གཞུང་ལམ་སྐྱོན་བྲལ་དང་བདེ་འཇགས་ལྡན་པའི་སྒོ་ནས་ཤར་གཏོང་ཡོང་བའི་འགན་ལེན། ལམ་རྒྱུད་ཀྱི་གཞུང་ལམ་དང་འབྲེལ་བའི་སྒྲིག་འགལ་ཁྲིམས་འགལ་གྱི་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ། ལྷ་གོང་གནམ་ཐང་གི་རིམ་མཐོའི་གཞུང་ལམ་ལམ་རྒྱུད་བཀོད་གཙང་དང་། མཛེས་སྡུག སྐྱིད་སྣང་། བདེ་འཇགས་བཅས་ལྡན་པའི་འཁོར་གཏོང་ཁོར་ཡུག་ཅིག་གཏོད་རྒྱུའི་འགན་ལེན་བཅས་བྱས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།