[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • དངོས་འཐབ་སྦྱོང་བརྡར་ཧུར་ཐག་བྱས། མེ་གསོད་འཇོན་ཐང་ཆེ་རུ་བཏང་།

    ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་གིས་དངོས་འཐབ་རྣམ་པའི་སྦྱོང་བརྡར་གྱི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-28

    འདི་ནི་དཔོན་དམག་ཚོས་དམ་བཅའ་འཇོག་བཞིན་པ།

     འདི་ནི་མེ་གསོད་ཡོ་ཆས་སྤྱོད་སྟངས་སྦྱོང་བཞིན་པ།

    འཕྲལ་སྡོམ་རོགས་སྐྱོབ་ཀྱི་གཙོ་ཤུགས་དམག་དང་རྒྱལ་ཁབ་རུ་ཁག་གི་ནུས་པ་གང་ལེགས་བཏོན་ཏེ་གནོད་འཚེ་དང་། དོན་རྐྱེན། ཉེན་ཁ་བཅས་གལ་ཆེན་ལ་ཁ་གཏད་འཇལ་ནུས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་ཆེད། ཉིན་ཤས་གོང་དུ། ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་གིས་དུས་ཡུན་ཉིན་ལྔའི་མེ་གསོད་དམག་འཐབ་སྒྲིག་འཛུགས་བཀོད་འདོམས་དང་། དེ་བཞིན་མེ་གསོད་བདེ་འཇགས་ཀྱི་དངོས་འཐབ་རྣམ་པའི་སྦྱོང་བརྡར་བྱེད་སྒོ་སྤེལ་བ་རེད།

    ད་རེས་ཀྱི་དངོས་འཐབ་རྣམ་པའི་སྦྱོང་བརྡར་ནི་ཉིང་ལག་རུ་ཁག་དེས་ལས་འགན་ཁྲིད་སྟོན་དུ་བྱས་ནས་གནད་འཕིགས་ཤུགས་འདོན་དང་། ཁོར་ཡུག་གི་ཁྱད་ཆོས་དང་ཟུང་འབྲེལ་སྒོས་མེ་སྐྱོན་ཤོར་བའི་རྣམ་པ་འདྲ་བཟོ་བྱས་པ་མ་ཟད། “མེ་ཤོར་སྟངས་ལ་གཞིགས་ནས་དམག་མིར་དེ་མཚུངས་ཀྱི་སྦྱོང་བརྡར་སྤྲས་པའི”རྩ་དོན་གཞིར་བཟུང་འགོ་ཁྲིད་གཙོ་བོ་དང་། བཀོད་འདོམས་པ། མེ་ཟོན་རུ་མི་བཅས་རིགས་གསུམ་ལ་དབྱེ་སྟེ་འཐབ་རྩལ་དང་། མེ་གསོད་སྒྲིག་འཛུགས་བཀོད་འདོམས། མེ་གསོད་ཡོ་ཆས་བཀོལ་སྤྱོད། མེ་གསོད་སྟངས། མེ་གསོད་བདེ་འཇགས། མཐུན་སྦྱོར་རོགས་རེས་སོགས་ཀྱི་སྦྱོང་བརྡར་གང་ལེགས་བྱས་པ་རེད།

    དངོས་འཐབ་རྣམ་པའི་སྦྱོང་བརྡར་བྱེད་རིང་། རྙོག་འཛིང་ཆེ་བའི་ས་ཆར་ཆུ་ཕུམ་བཀོད་སྒྲིག་དང་ཕྱིར་བསྡུ་བྱེད་པའི་སྦྱོང་བརྡར་བྱས་པ་བརྒྱུད་ཞིབ་བསྡུར་སྒོས་སློབ་སྦྱོང་དང་རྩེར་སོན་བརྩོན་ལེན་བྱེད་པའི་རྣམ་པ་ཟབ་མོ་བཏོད་པ་མ་ཟད། ད་དུང་ནགས་ཁྲོད་དུ་མེ་གསོད་ཡོ་ཆས་འཁུར་ནས་འགྲོ་བའི་སྦྱོང་བརྡར་བྱས་ཏེ་མེ་གསོད་རྩལ་དང་ལུས་ཟུངས་གཉིས་ཀ་སྦྱངས་ནས་དཀའ་ཚེགས་ཆེ་བའི་ཁོར་ཡུག་དང་རྙོག་འཛིང་ཆེ་བའི་ཆ་རྐྱེན་འོག་གི་བཀོད་འཐབ་པའི་རིག་ལུས་རྩལ་འཐབ་བཅས་ཀྱི་ཕྱོགས་བསྡུས་མེ་གསོད་འཇོན་ཐང་སྔར་བས་ཆེ་རུ་བཏང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།