[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • བདལ་གླ་གང་བྱུང་དུ་ལེན་མཁན་ཁ་ལོ་བ་ཞིག་གི་སྐྱེལ་འདྲེན་གན་རྒྱ་རྩིས་མེད་བཏང་བ།

    ཟླ་བཞི་པ་ཚུན་དུ་ལྷ་ས་གྲོང་ཁྱེར་བདལ་གཏོང་རླངས་འཁོར་ཚད་ཡོད་ཀུང་སིའི་ཞུ་གཏུག་བདག་སྤྲོད་ལྟེ་གནས་ལ་ཞུ་གཏུག་534འབྱོར་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-04

    liy951079.jpg

    འདི་ནི་བདལ་གཏོང་རླངས་འཁོར་ཀུང་སིའི་ཞིབ་བཤེར་མི་སྣས་གཞུང་ལམ་དུ་ཞིབ་བཤེར་བྱེད་བཞིན་པ།

    ཉེ་ཆར། ལྷ་ས་གྲོང་ཁྱེར་གྱི་དྲ་དམངས་ཤིག་གིས་དྲ་ཐོག་ཏུ་བདལ་གཏོང་རླངས་འཁོར་གཏོང་མཁན་ཁ་ལོ་བས་གཏན་འབེབས་ལས་འགལ་ནས་བདལ་གླ་གང་བྱུང་དུ་བླངས་པའི་བརྙན་ལམ་ཞིག་བསྐུར་ཡོད། ཞིབ་དཔྱད་བྱས་རྗེས་ལྷ་ས་གྲོང་ཁྱེར་བདལ་གཏོང་རླངས་འཁོར་ཚད་ཡོད་ཀུང་སིས་ཁ་ལོ་བ་དེ་དང་བཞག་པའི་སྐྱེལ་འདྲེན་གན་རྒྱ་རྩིས་མེད་བཏང་བ་རེད།

    ཟླ་5ཚེས་9ཉིན་གྱི་ཆུ་ཚོད་གཉིས་པར། བཀྲ་ཆེ་གེ་མོས་རླངས་འཁོར་བབས་ཚུགས་ནས་རླངས་འཁོར་གླས་ཏེ་ལྷ་ས་གོང་དཀར་གནམ་ཐང་དུ་བསྐྱོད། དང་ཐོག་བཀྲ་ཆེ་གེ་མོས་ཁ་ལོ་བར་སྒོར་50སྤྲོད་རྒྱུ་ཁ་ཆད་བྱས་ཀྱང་གནམ་ཐང་དུ་སླེབས་སྐབས་ཁ་ལོ་བས་སྒོར་80བླངས་པར་བརྟེན་བཀྲ་ཆེ་གེ་མོས་ཁ་ལོ་བ་དེ་ཞུ་གཏུག་བརྒྱབ་པ་རེད།

    ལྷ་ས་གྲོང་ཁྱེར་བདལ་གཏོང་རླངས་འཁོར་ཚད་ཡོད་ཀུང་སིའི་ཞུ་གཏུག་དང་ལེན་ལྟེ་གནས་ལ་ཞུ་གཏུག་འབྱོར་མ་ཐག་ཁ་ལོ་བ་དེ་དང་འབྲེལ་གཏུག་བྱས་ཏེ་ཀུང་སིར་སྐད་བཏང་། ཞིབ་དཔྱད་བྱས་པ་བརྒྱུད། ཁ་ལོ་བ་དེས་དངུལ་སྒོར་80བླངས་པ་ཁས་བླངས་པས་ཞུ་གཏུག་བདག་སྤྲོད་ལྟེ་གནས་ཀྱིས་ཁ་ལོ་བ་དེ་ལས་མཚམས་ཉིན་གཅིག་བཞག་ནས་ཁ་ཏ་བསླབ་བྱ་བྱས་པ་དང་འབྲེལ། འགྲུལ་པར་སྒོར་30ཕྱིར་སློག་བྱེད་དུ་བཅུག

    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ལྷ་ས་གྲོང་ཁྱེར་བདལ་གཏོང་རླངས་འཁོར་ཚད་ཡོད་ཀུང་སིའི་འབྲེལ་ཡོད་འགན་འཁུར་བས་གསར་འགོད་པར་བརྗོད་པར། ཉེ་ཆར་ལྷ་ས་གྲོང་ཁྱེར་གྱི་དྲ་དམངས་ཤིག་གིས་དྲ་ཐོ་ཏུ་་བདལ་གཏོང་རླངས་འཁོར་གཏོང་མཁན་ཁ་ལོ་བ་ཞིག་གིས་བདལ་གླ་གང་བྱུང་བླངས་པའི་བརྙན་ལམ་ཞིག་བསྐུར་བའི་ནང་སེ་ར་དགོན་ནས་རླངས་འཁོར་གླས་ཏེ་བར་སྐོར་ཚོང་གྲོང་དུ་བསྐྱོད་སྐབས་ཁ་ལོ་བས་གཏན་འབེབས་ལས་བརྒལ་ནས་བདལ་གླ་སྒོར་40བླངས་པའི་གནས་ཚུལ་ཡིན་པ་རེད།

    ཞིབ་དཔྱད་བྱས་པ་བརྒྱུད། ཁ་ལོ་བ་ཀྲང་ཆེ་གེ་མོས་གནད་དོན་དེ་ཁས་བླངས་པར་ཀུང་སིའི་སྒྲིག་སྲོལ་ལམ་ལུགས་ལས་འགལ་བས་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ་མ་ཟད། ལྷ་ས་གྲོང་ཁྱེར་བདལ་གཏོང་རླངས་འཁོར་ཚད་ཡོད་ཀུང་སིས་ཀྲང་ཆེ་གེ་མོའི་དབར་བཞག་པའི་སྐྱེལ་འདྲེན་གན་རྒྱ་རྩིས་མེད་བཏང་བ་རེད།

    ཟླ་5ཚེས་9ཉིན་གྱི་ཆུ་ཚོད་གཉིས་པར། བཀྲ་ཆེ་གེ་མོས་རླངས་འཁོར་བབས་ཚུགས་ནས་རླངས་འཁོར་གླས་ཏེ་ལྷ་ས་གོང་དཀར་གནམ་ཐང་དུ་བསྐྱོད། དང་་ཐོག་བཀྲ་ཆེ་གེ་མོས་ཁ་ལོ་བར་སྒོར་50སྤྲོད་རྒྱུ་ཁ་ཆད་བྱས་ཀྱང་གནམ་ཐང་དུ་སླེབས་སྐབས་ཁ་ལོ་བས་སྒོར་80བླངས་པར་བརྟེན་བཀྲ་ཆེ་གེ་མོས་ཁ་ལོ་བ་དེ་ཞུ་གཏུག་བརྒྱབ་པ་རེད།

    ལྷ་ས་གྲོང་ཁྱེར་བདལ་གཏོང་རླངས་འཁོར་ཚད་ཡོད་ཀུང་སིའི་ཞུ་གཏུག་དང་ལེན་ལྟེ་གནས་ལ་ཞུ་གཏུག་འབྱོར་མ་ཐག་ཁ་ལོ་བ་དེ་དང་འབྲེལ་གཏུག་བྱས་ཏེ་ཀུང་སིར་སྐད་བཏང་། ཞིབ་དཔྱད་བྱས་པ་བརྒྱུད། ཁ་ལོ་བ་དེས་དངུལ་སྒོར་80བླངས་པ་ཁས་བླངས་པས་ཞུ་གཏུག་བདག་སྤྲོད་ལྟེ་གནས་ཀྱིས་ཁ་ལོ་བ་དེ་ལས་མཚམས་ཉིན་གཅིག་བཞག་ནས་ཁ་ཏ་བསླབ་བྱ་བྱས་པ་དང་འབྲེལ། འགྲུལ་པར་སྒོར་30ཕྱིར་སློག་བྱེད་དུ་བཅུག

    ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་བཞི་པར་ཞུ་གཏུག་བདག་སྤྲོད་ལྟེ་གནས་སུ་ཁྱོན་ཞུ་གཏུག་281འབྱོར་བའི་ནང་ཀུང་སིར་ཞུ་གཏུག་95འབྱོར་བ་དང་། སྐྱེལ་འདྲེན་དོ་དམ་གྱིས་ཞུ་གཏུག་145རྩིས་སྤྲད་པ། སྲིད་གཞུང་ཐད་འབྲེལ་ཁ་པར་12345ལ་ཞུ་གཏུག་18འབྱོར་བ། བདལ་གཏོང་རླངས་འཁོར་གྱི་དྲ་ཐོག་ལ་ཞུ་གཏུག་23འབྱོར་ཡོད་པ་རེད། ཟླ་ལྔ་པ་ཚུན་དུ། ཞུ་གཏུག་བདག་སྤྲོད་ལྟེ་གནས་ལ་ཞུ་གཏུག་ཁྱོན་253འབྱོར་བའི་ནང་ཀུང་སིར་ཞུ་གཏུག་87འབྱོར་བ་དང་། སྐྱེལ་འདྲེན་དོ་དམ་གྱིས་ཞུ་གཏུག་137རྩིས་སྤྲད་པ། སྲིད་གཞུང་གི་ཐད་འབྲེལ་ཁ་པར་12345ལ་ཞུ་གཏུག་18འབྱོར་བ། བདལ་གཏོང་རླངས་འཁོར་གྱི་དྲ་ཐོག་ལ་ཞུ་གཏུག་13འབྱོར་ཡོད་པ་རེད། གོང་གསལ་ཞུ་གཏུག་ཚང་མ་ཐག་གཅོད་བྱས་ཟིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།