[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཕྱོགས་དྲུག་ཐད་ནས་འགོ་བརྩམས་ཏེ“ལག་བསྟར་དཀའ་བའི”གནད་དོན་ཐག་གཅོད་ཧུར་ཐག་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-11

    གསར་འགོད་པར་ལྷ་ས་འབྲིང་རིམ་མི་དམངས་ཁྲིམས་ཁང་ལག་བསྟར་ཅུས་ནས་ཤེས་རྟོགས་བྱུང་བར། 2019ལོ་ཚུན་དུ། ལྷ་ས་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཕྱོགས་དྲུག་ཐད་ནས་འགོ་བརྩམས་ཏེ་ཞུ་གཏུག་ལས་རྒྱལ་མཁན་དོ་བདག་གི་ཁེ་དབང་ཁྲིམས་ལྟར་འགན་ལེན་བྱས་ཤིང་། གྲོང་ཁྱེར་ཡོངས་སུ་ལག་བསྟར་གྱོད་གཞི་ཁྱོན་2334བདག་སྤྲོད་བྱས་པ་དེ་དག་གི་དམིགས་བྱའི་དངུལ་གྲངས་རེ་ཞུ་བྱེད་ཚད་སྒོར་དུང་ཕྱུར་4.4ཟིན་པ་དང་། མཐའ་མའི་ཚད་གཞི་ལོན་ཚད་དང་། ཡིག་འབུལ་ངོ་བཅར་གཞུང་ལས་ཁང་གིས་ཞིབ་གཅོད་བྱེད་ཚད། ལག་བསྟར་བྱ་རྒྱུའི་རྒྱུ་ནོར་ཡོད་པའི་གྱོད་གཞི་ཁྲིམས་གཏན་འཁེལ་བའི་དུས་ཚད་ནང་ལག་བསྟར་ཞིབ་གཅོད་བྱེད་ཚད་བཅས་ལྟེ་བའི་དམིགས་ཚད་གསུམ་100%དང་། 100% 94.1%བཅས་ཟིན་ཡོད་པ་རེད།

    ལྷ་ས་འབྲིང་རིམ་མི་དམངས་ཁྲིམས་ཁང་ཏང་ཨུད་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་ལག་བསྟར་དཀའ་བའི་གནད་དོན་ཐག་གཅོད་བྱེད་པའི་མཉམ་ཤུགས་སྔར་བས་ཆེན་པོ་ཆགས་པར་བྱས་པ། ལྷ་ས་འབྲིང་རིམ་མི་དམངས་ཁྲིམས་ཁང་ལག་བསྟར་ཅུས་ཀྱིས“ལག་བསྟར་དཀའ་བའི་གནད་དོན་གཞི་རྩའི་ཆ་ནས་ཐག་གཅོད་བྱེད་པའི”ཉམས་མྱོང་བྱེད་ཐབས་ཕྱོགས་བསྡོམས་ནན་ཏན་བྱས་ནས་ལག་བསྟར་མཉམ་འབྲེལ་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་གཏོང་བ་དང་། ལག་བསྟར་དཀའ་བའི་གནད་དོན་འབྱུང་རྩ་ནས་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ། རྩ་འཛུགས་ཀྱི་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ལག་བསྟར་ལས་དོན་གྱི་ཕུགས་ཕན་ལ་ཚོད་འཛིན་བཟོ་བའི་ཕྱོགས་བསྡུས་རང་བཞིན་དང་འབྱུང་རྩའི་རང་བཞིན་གྱི་གནད་དོན་ཐག་གཅོད་བྱས་པ་དང་། སྤྱི་བདེ་ལས་ཁུངས་དང་དོ་དམ་ཚོད་འཛིན་གཞོགས་འདེགས་ལམ་སྲོལ་བཙུགས་པ་དང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་འཁོར་རིགས་དོ་དམ་སུའོ་དང་། གྲོང་ཁྱེར་རྒྱལ་ཁབ་ས་ཆ་ཐོན་ཁུངས་ཅུས། གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས། གྲོང་ཁྱེར་སྤྱི་གསོག་མ་དངུལ་དོ་དམ་ལྟེ་གནས་བཅས་དང་ཐོགས་མེད་འཚོལ་ཞིབ་བགྲོད་ལམ་ཤར་གཏོང་བྱས་པ། རང་སྐྱོང་ལྗོངས་བཟོ་ཚོང་སྲིད་འཛིན་དོ་དམ་ཅུས་དང་གྲངས་གཞི་མཉམ་སྤྱོད་བཅས་བྱས་པས། མི་དང་དངོས་ཟོག་འཚོལ་བའི་ནུས་པ་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད།

    མཉམ་འབྲེལ་ཆད་གཅོད་བསླབ་འདོམས་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་བཏང་ནས་ཁ་དན་ཚིག་ལ་མི་གནས་བའི་ལག་བསྟར་བྱ་ཡུལ་ཟིལ་གྱིས་མནན་པ། 2019ལོར། རིམ་རྩིས་བརྒྱབ་ན། ཁ་དན་ཚིག་ལ་མི་གནས་བའི་མི་སྣ་242དང་ཁེ་ལས་57ཡོངས་བསྒྲགས་བྱས་པ་དང་། འཛད་སྤྱོད་རྒྱས་སྤྲོས་ཐེངས་539དང་། གནམ་གྲུ་དང་མེ་འཁོར་ནང་སྡོད་ཐེངས་ཁག་4481ཚོད་འཛིན་བྱས་པ། མི་གཅིག་ལ་དངུལ་ཆད་སྒོར་ཁྲི་0.5བཅད་པ་དང་མི་23བཀག་ཉར་བྱས་པ་དང་། ལྷ་ས་གྲོང་ཁྱེར་གྱི་སྤྱི་ཚོགས་ཡིད་རྟོན་མ་ལག་འཛུགས་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་ཁ་དན་ཚིག་ལ་མི་གནས་མཁན་གྱི་མིང་ཐོའི་གྲངས་གཞིའི་མཛོད་མཁོ་འདོན་བྱེད་རོགས་བྱས་ཏེ་ཁ་དན་ཚིག་ལ་མི་གནས་བའི་ལག་བསྟར་བྱ་ཡུལ་གྱིས་འོས་དཔོད་བྱེད་པ་དང་། སྒྲུབ་འགན་འཁུར་བ། དངུལ་བུན་ལེན་པ་སོགས་ཀྱི་གཉེར་སྐྱོང་བྱེད་སྒོ་ཚོད་འཛིན་ནུས་ལྡན་བྱས་ཡོད་པ་རེད།

    ལག་བསྟར་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་ལག་བསྟར་ལས་དོན་གྱི་སྤྱི་ཚོགས་རྣམ་པ་ཡག་པོ་བཏོད་པ། ཚགས་པར་དང་། བརྙན་འཕྲིན། དྲ་སྦྲེལ། ཁང་ཕྱིའི་LEDབརྙན་ཡོལ། “ལྷ་ས་ལག་བསྟར”སྐད་འཕྲིན་སྤྱི་སྟེགས་སོགས་སྨྱན་སྦྱོར་ལ་བརྟེན་ནས་གཅིག་སྡུད་ཐོག་དྲིལ་བསྒྲགས་བྱས་པ་དང་། དོ་སྣང་བྱེད་མང་ཞིང་སྤྱི་ཚོགས་ཐོག་ཤུགས་རྐྱེན་ཆེ་བའི་གྱོད་གཞི་ལག་བསྟར་དྲིལ་བསྒྲགས་ཡག་པོ་བྱས་པས། རྒྱ་ཆེའི་མང་ཚོགས་ཀྱིས“ལག་བསྟར་དཀའ་བའི”གནད་དོན་ལ་གོ་བ་ལོན་ཚད་སྔར་བས་ཟབ་ཏུ་ཕྱིན་ཡོད་པ་རེད།

    བློ་ཁོག་ཆེན་པོས་འཚོལ་ཞིབ་དང་གསར་གཏོད་བྱས་ནས་ལག་བསྟར་ཕན་འབྲས་ཆེ་རུ་ཧུར་ཐག་བཏང་བ། 2019ལོར། གྲོང་ཁྱེར་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན་ཅ་ལག་22ཐེངས་30ལ་ཧབ་ཚོང་བྱས་པའི་དངུལ་འབོར་སྒོར་ཁྲི་885.5ཟིན་ནས་རིན་གོང་འཕར་ཚད་12.56%ཟིན་ཡོད་པ་དང་། ལག་བསྟར་བྱ་རྒྱུ་དེ་མ་རྩ་རྡིབ་པའི་ཞིབ་བཤེར་བྱ་རྒྱུར་སྒྱུར་པའི་ལམ་སྲོལ་འཚོལ་ཞིབ་ཧུར་ཐག་གིས་རང་བརྟེན་ནུས་པ་ཤོར་བའི་ཁེ་ལས་དག་ཁྲིམས་ལྟར་མ་རྩ་རྡིབ་པའི་ཐོ་འགོད་བྱ་རྒྱུར་སྐུལ་འདེད་བཏང་སྟེ། ལྷ་ས་གྲོང་ཁྱེར་རིམ་གཉིས་ཁྲིམས་ཁང་གིས“ལག་བསྟར་བྱ་རྒྱུ་དེ་མ་རྩ་རྡིབ་པའི་ཞིབ་བཤེར་བྱ་རྒྱུར་སྒྱུར་པའི”གྱོད་གཞི་གཉིས་བསྐྱལ་བ་དེ་ལག་བསྟར་གྱོད་གཞི་11དང་འབྲེལ་ཡོད་པ་རེད།

    ལག་བསྟར་བྱ་སྤྱོད་ཚད་ལྡན་ནན་པོ་བཟོས་ནས་དྲང་གཞག་དང་ཕན་ཆེའི་ཁྲིམས་འཛིན་གཟུགས་བརྙན་ཡག་པོ་བཏོད་པ། གྱོད་གཞི་སྒྲུབ་གཉེར་གྱི་སྤུས་ཚད་ལ་དམ་འཛིན་བྱས་ནས་ཆེད་མི་བཀོད་སྒྲིག་གིས《ལག་བསྟར་གྱོད་གཞིའི་འགག་རྩའི་བརྒྱུད་རིམ་དང་མཚམས་ཚིགས་ཐོ་འགོད་རེའུ་མིག》ལ་ཞིབ་བཤེར་བྱས་པ་རེད། ཆེས་མཐོའི་ཁྲིམས་ཁང་གི“གཏན་འགོག་བཅུ”སོགས་འབྲེལ་ཡོད་གཏན་འབེབས་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་སྤྱོད་གཙང་སློབ་གསོའི་ལས་དོན་ཡག་པོ་བསྒྲུབས་པ་མ་ཟད། 《ལག་བསྟར་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུ་དང་ལག་བསྟར་བྱ་སྤྱོད་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་གཏན་འབེབས》ཡང་བཟོས་པ་དང་། ཁྲིམས་འཛིན་སྐོར་ཞིབ་དང་ལག་བསྟར་ལས་དོན་གྱི་དཔྱད་ཞིབ་བྱེད་ཐབས་ལེགས་སུ་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད། ཕན་མེད་ལག་བསྟར་དང་ནར་འགྱངས་ལག་བསྟར་སོགས་ལག་བསྟར་ཚད་ལྡན་མིན་པའི་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་བྱས་ནས་ཐག་གཅོད་ཀྱིས་ཁྲིམས་ལྟར་ལག་བསྟར་དང་ཚད་ལྡན་ལག་བསྟར་བྱ་རྒྱུར་སྐུལ་འདེད་བཏང་བ་རེད།

    ལག་བསྟར་བྱེད་ཐབས་གསར་བསྒྱུར་ལ་སྐུལ་འདེད་བཏང་ནས་ལག་བསྟར་གྱི་སྤུས་ཚད་དང་ཕན་འབྲས་ཕྱོགས་ཡོངས་ནས་ཆེ་རུ་བཏང་བ། གྱོད་གཞི་མང་ལ་གྱོད་སྒྲུབ་མི་སྣ་ཉུང་བ་དང་ལག་བསྟར་ལས་ཕྱོད་ཆེན་པོ་མེད་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ། “ལག་བསྟར་བཀོད་འདོམས་ལྟེ་གནས+ཁྲིམས་དཔོན་ཚོགས་པ”ཡི་གཅིག་སྡུད་ཅན་གྱི་གྱོད་གཞི་སྒྲུབ་སྟངས་ལ་རིམ་བཞིན་སྐུལ་འདེད་བཏང་ནས《ལག་བསྟར་ལས་དོན་གྱི་གཅིག་གྱུར་དོ་དམ་དང་། གཅིག་གྱུར་བཀོད་འདོམས། གཅིག་གྱུར་མཐུན་སྦྱོར་བཅས་ཀྱི་གྱོད་གཞི་སྒྲུབ་སྟངས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་ལས་ཀའི་ཁྲིད་སྟོན་གྱི་ལམ་སྲོལ》སོགས་ལམ་ལུགས་6ལེ་ལག་ཚང་པོ་བཟོས་པ་དང་། ཐོན་ཁུངས་སྣ་ཚོགས་ལས་ཕྱོད་ཆེ་བ་དང་གཅིག་སྡུད་ཐོག་བཀོལ་སྤྱོད་དང་། ཁྲིམས་དཔོན་ཚོགས་པས་བརྡར་གཅོད་རང་བཞིན་དང་ལྟེ་བའི་རང་བཞིན་གྱི་ལས་དོན་བློ་རྩེ་གཅིག་སྒྲིམ་གྱིས་སྒྲུབ་པ། དབང་ཆ་བཀོད་སྒྲིག་དང་མི་སྣ་ལས་བགོས་དེ་བས་ལུགས་མཐུན་བཅས་བྱས་པ་ལས་ལག་བསྟར་གྱི་སྤུས་ཚད་མཐོ་རུ་དང་ལས་ཕྱོད་ཆེ་རུ་སོང་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།