[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • ཁྲེང་ཀོན་ཆུས་ཁོར་ཡུག་འཕྲོད་བསྟེན་ཚན་པས་གྲོང་ཁྱེར་གྱི་སྒྲིག་བཀོད་ལ་གཙང་སྦྲ་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-18

    liy96416_s.jpg

    ལྷ་ས་གྲོང་ཁུལ་གྱི་ཁོར་ཡུག་འཕྲོད་བསྟེན་གཙང་སྦྲ་ཕྱོགས་ཡོངས་ནས་ལེགས་སུ་བཏང་སྟེ་གྲོང་ཁྱེར་གྱི་རྣམ་པ་ཇེ་ལེགས་སུ་གཏོང་ཆེད། ཉེ་ཆར། ཁྲེང་ཀོན་ཆུས་ཅེ་ཏ་ཁོར་ཡུག་འཕྲོད་བསྟེན་གཙང་སྦྲ་ཚད་ཡོད་ཀུང་སིས་གཙང་སྦྲ་བ་11སྒྲིག་འཛུགས་བྱས་པ་དང་། མཐོ་གནོན་གཙང་འཁྲུད་རླངས་འཁོར་གཅིག་དང་ལྕགས་དྲ་གཙང་འཁྲུད་རླངས་འཁོར་གཅིག་བཀོད་སྒྲིག་བྱས་ཏེ“མི་དང་འཕྲུལ་འཁོར་ཟུང་འབྲེལ”གྱི་ཐབས་ལམ་སྤྱད་ནས་གྲོང་ཁུལ་གྱི་ལམ་གཙོ་བོ་དང་མཐའ་སྐོར་གྱི་ལྕགས་དྲ་གཙང་མར་བཀྲུས་པ་རེད།

    མིག་སྔའི་བར་དུ། ཅང་སུའུ་ལམ་དང་བཅིངས་འགྲོལ་ཤར་ལམ་གྱི་ལྕགས་དྲ་གཙང་འཁྲུད་ལས་དོན་ལེགས་གྲུབ་བྱུང་ཡོད་པ་རེད།

    ཁྲེང་ཀོན་ཆུས་ཅེ་ཏ་ཁོར་ཡུག་འཕྲོད་བསྟེན་གཙང་སྦྲ་ཚད་ཡོད་ཀུང་སིའི་འགན་འཁུར་བས“གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཟམ་མི་ཆད་པར་བྱས་པ་དང་བསྟུན་ནས་ལྷ་ས་གྲོང་ཁྱེར་གྱི་ལྕགས་དྲ་ཡང་ཇེ་མང་དུ་ཕྱིན་ཡོད། མི་ཤུགས་དང་དངོས་ཤུགས་ལ་གྲོན་ཆུང་བྱེད་ཆེད། འདི་ལོའི་ལོ་སྟོད་དུ་ང་ཚོས་ནང་ས་ནས་ལྕགས་དྲ་གཙང་འཁྲུད་རླངས་འཁོར་གཅིག་ཉོས་པ་ཡིན”ཞེས་ངོ་སྤྲོད་བྱས། མིག་སྔར། ལྷ་ས་གྲོང་ཁུལ་གྱི་ལམ་གཙོ་བོའི་ལྕགས་དྲ་གཙང་འཁྲུད་ཀྱི་ལས་དོན་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་པ་རེད། གོམ་སྟབས་རྗེས་མར། ཁོང་ཚོས་བྱ་སྤྱོད་དངོས་ལ་བརྟེན་ནས་གྲོང་ཁྱེར་གྱི་སྒྲིག་ཆས་ཉམས་གསོ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རྒྱ་ཆེའི་གྲོང་མི་རྣམས་ལ་གཙང་སྦྲ་དོད་པ་དང་། གྲལ་འགྲིག་པ། སྤུས་ཚད་མཐོ་བ་བཅས་ཀྱི་འཚོ་བའི་ཁོར་ཡུག་ཅིག་མཁོ་འདོན་བྱས་ཏེ་གྲོང་ཁྱེར་གྱི་རྣམ་པ་སྔར་བས་ལེགས་སུ་གཏོང་རྒྱུ་ཡིན་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།