[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • མི་དམངས་ཉེན་རྟོག་པས་ཡུལ་སྐོར་བར་སེམས་རྩ་འཁོལ་པོས་རོགས་རམ་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-25

    zengfg96119.jpg

    འདི་ནི་མི་དམངས་ཉེན་རྟོག་པས་སྣུམ་བླུཌ་རོགས་བྱེད་བཞིན་པ།

    ཉེ་ཆར། ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་གངས་ཆེན་ཤང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་ཞུས་ཙེ་ལེའང་དང་དབྱང་ཤིན་གྱིས་ཧྲན་ཤིས་ནས་ཡིན་པའི་སྦག་སྦག་བཞོན་པའི་ཡུལ་སྐོར་བ་གཉིས་ལ་དཀའ་ངལ་སེལ་རོགས་བྱས་ཏེ་ཕ་ཡུལ་དུ་ལོག་ཐུབ་པ་བྱུང་བ་རེད།

    ཝང་ཆེ་གེ་མོ་དང་ཀྲའོ་ཆེ་གེ་མོ་ནི་ཧྲན་ཤིས་ཐེ་ཡོན་ནས་ཡིན་པ་དང་། ལོ་60ཙམ་ལ་སླེབས་པའི་ཁོང་གཉིས་ཀྱིས་སྦག་སྦག་བཞོན་ནས་བོད་དུ་ཡུལ་སྐོར་དུ་ཡོང་བ་རེད།

    བོད་ནས་ཐོན་སྟེ་རྒྱལ་ལམ་317དུ་སླེབས་པ་དང་། ལམ་བུ་རྒྱུས་མངའ་མེད་རྐྱེན་ས་བབ་མཐོ་ཚད་སྨི་4850ཡོད་པའི་སྦྲ་ཆེན་རྫོང་གངས་ཆེན་ཤང་དུ་སླེབས་སྐབས་ཁོང་གཉིས་པོའི་སྦག་སྦག་གི་སྣུམ་རྫོགས་ནས་འགྲོ་ཐབས་བྲལ། སྐབས་དེར་ཁ་བ་ཆེན་པོ་བབས་པ་དང་ཁོང་གཉིས་པོར་ཡང་ས་མཐོ་མི་འཕྲོད་པའི་ནད་རྟགས་ཐོན། སྐོར་གཡེང་བྱེད་བཞིན་པའི་མི་དམངས་ཉེན་རྟོག་པ་ཞུས་ཙེ་ལེའང་དང་དབྱང་ཤིན་ལ་ཁོང་གཉིས་འཕྲད་མ་ཐག་ལམ་སེང་གངས་ཆེན་ཤང་སྣེ་ལེན་ཁང་དུ་ངལ་གསོ་བར་ཁྲིད། དེ་རྗེས་ཁོང་ཚོའི་ལྟོ་ཆས་དང་ཞག་སྡོད་ཁང་པ་བཀོད་སྒྲིག་བྱས་པ་མ་ཟད། ཁོང་གཉིས་པོའི་སྦག་སྦག་ལ་སྣུམ་ལྡག་ལྡག་བླུགས། ཉིན་གཉིས་པའི་ཞོགས་པ་མི་དམངས་ཉེན་རྟོག་པའི་མཛུབ་ཁྲིད་འོག་ཁོང་གཉིས་ཕ་ཡུལ་དུ་ལོག་པའི་ལམ་ལ་བཞུད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།