[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • སྟོབས་ཤུགས་གོང་བུ་གཅིག་ཏུ་སྒྲིལ། མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད།

    གཞིས་རྩེ་གྲོང་ཁྱེར་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་ལ་ཤུགས་སྣོན་བརྒྱབ་པའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-03

    633684_yis_1560834906157.jpg

    གཞིས་རྩེ་གྲོང་ཁྱེར་གྱི་གྲོང་མིས་ལུང་ཡོན་ཐང་ཆེན་དུ་ཞབས་བྲོ་འཁྲབ་བཞིན་པ།

    0626ft1.jpg

    གམ་པ་རྫོང་དགྱེས་རུ་གྲོང་ཚོར་མཐའ་མཚམས་སྐོར་གཡེང་ལམ་བར་དུ་དམག་དམངས་མཉམ་དུ་ངལ་གསོ་བཞིན་པ།

    0626ft2.jpg

    ཁང་དམར་རྫོང་ཁང་དམར་གྲོང་རྡལ་ཁང་དམར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བུ་དྲུག་གིས་གྲོང་ཚོའི་མི་རིགས་མཐུན་སྒྲིལ་གཏོད་པའི་ཁུལ་བཞི་དང་འགྲེམས་སྟོན་ཁང་གཉིས་ཀྱི་གནས་ཚུལ་ངོ་སྤྲོད་བྱེད་བཞིན་པ། 

    0626ft6.jpg

    རྒྱ་རིགས་སྨན་པ་ཀྲོའུ་ཤང་ཝུའུ་ཡིས་གྲོ་མོ་སྨན་རྫས་ཚོང་ཁང་དུ་མང་ཚོགས་ལ་སྨན་སྤྲོད་བཞིན་པ།

    ཕུགས་བསམ་གྱིས་སྟོབས་ཤུགས་གཅིག་ཏུ་སྒྲིལ། མཐུན་སྒྲིལ་གྱིས་མཛེས་སྡུག་འབྱུང་འགྱུར་གཏོད། གཞིས་རྩེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་མི་རིགས་ལས་དོན་ཡག་པོ་སྒྲུབ་རྒྱུ་དེ་སྤྱི་ཡོངས་དང་། ཕུགས། རྩ་བ་བཅས་དང་འབྲེལ་བ་ཡོད་པར་ངོས་འཛིན་གང་ལེགས་བྱས་ནས་ཐོག་མཐའ་བར་གསུམ་དུ་དོན་དངོས་ལ་གཞི་ཚུགས་པ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། “གཤམ་སྤེལ་བདུན”དམ་འཛིན་བྱ་གཞི་གཙོ་བོར་འཛིན་པ། གྲོང་ཁྱེར་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། བློ་བརྟན་འགྱུར་མེད་ཀྱིས་མི་རིགས་མཐུན་སྒྲིལ་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གསར་གཏོད་དང་འཕེལ་རྒྱས་ཀྱི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་བཏོད་ཡོད་ལ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཡོད།

    ལག་གདང་སྦྲེལ་ནས་གཅིག་སེམས་གཅིག་ལ་སྦྲེལ།

    མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ་དང་འཛུགས་སྐྱོང་གི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བས་མི་རིགས་ཁག་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་སྦྲེལ་བཅས་ཐུབ་ཡོད།

    གཞིས་རྩེ་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་དཔེ་སྟོན་གྲོང་ཁྱེར་གཏོད་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཞུགས་འདོད་པའི་ལས་སྟེགས་ཧུར་ཐག་བསྐྲུན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་རྒྱུན་ཆད་མེད་པར་གསར་གཏོད་དང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།

    འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། གཞིས་རྩེ་གྲོང་ཁྱེར་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་སྒྲིག་གཞི་དང་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་བས་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་གིས་མི་རིགས་མཐུན་སྒྲིལ་གྱི་མིག་དཔེ་བརྩོན་ལེན་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་ནས་གཙང་གི་ས་གཞི་ཆེ་མོར་འཚོ་བ་སྐྱེལ་བཞིན་པའི་མི་རིགས་ཁག་གི་མང་ཚོགས་ཚོས“མི་རིགས་མཐུན་སྒྲིལ་ནི་ཇ་དང་ཚྭ་ལྟར་ཡིན་པས་མི་རིགས་ཁག་གི་མི་དམངས་ཚོས་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་སྦྲེལ་བཅས་བྱས་ཚེ་གཞི་ནས་འཆམ་མཐུན་དང་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པའི”མྱོང་ཚོར་ཟབ་མོ་བྱུང་ཡོད།

    སེ་འབྲུའི་གོང་བུ་བཞིན་རྡོག་རྩ་གཅིག་ཏུ་བསྒྲིལ།

    “གཤམ་སྤེལ་བདུན”དམ་འཛིན་བྱེད་གཞི་གཙོ་བོར་བརྩིས་ཏེ་མི་རིགས་ཁག་གི་མང་ཚོགས་ཕན་ཚུན་ཤེས་རྟོགས་དང་། ཕན་ཚུན་རོགས་རམ། ཕན་ཚུན་མྱོང་རོལ། ཕན་ཚུན་སློབ་སྦྱོང་བཅས་བྱེད་རྒྱུར་སྐུལ་འདེད་བཏང་ཡོད།

    ལོ་འདི་དག་རིང་། གཞིས་རྩེ་གྲོང་ཁྱེར་གྱིས་ལས་ཁུངས་དང་། ཁེ་ལས། གྲོང་གསེབ། སྡེ་ཁུལ་། སློབ་གྲྭ དམག་སྒར། དགོན་སྡེ་བཅས་སུ་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་སྤེལ་བའི་“གཤམ་སྤེལ་བདུན”གྱི་བྱེད་སྒོ་རྒྱུན་མཐུད་གཏིང་ཟབ་སྤེལ་རྒྱུ་

    མཐའ་འཁྱོངས་བྱས་ཏེ་ཁྱོན་ཡོངས་ལ་ཁྱབ་པ་བྱས་ནས་ཕྱོགས་ཡོངས་དང་། ནུས་ལྡན། ནུས་ཆེ་བཅས་ཀྱི་སྒོ་ནས་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་བཏང་སྟེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྐྱེད་སྲིང་ཤུགས་ཆེན་བྱས་ཡོད།

    2016ལོ་ཚུན་དུ། གཞིས་རྩེ་གྲོང་ཁྱེར་གྱིས་རང་སྐྱོང་ལྗོངས་རིམ་པའི་མི་རིཌ་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མཉམ་སྡེབ་49དང་། དཔེ་བཟང་མི་སྒེར་78འོས་སྦྱོར་དང་། གྲོང་ཁྱེར་རིམ་པའི་དཔེ་བཟང་མཉམ་སྡེབ་101དང་དཔེ་བཟང་མི་སྒེར་179 རྫོང་རིམ་པའི་དཔེ་བཟང་མཉམ་སྡེབ་606དང་དཔེ་བཟང་མི་སྒེར་105བཅས་ལ་གཟེངས་བསྟོད་བྱས་ནས་མི་ཚང་མས་མི་རིགས་མཐུན་སྒྲིལ་དཔེ་བཟང་བ་དང་ཀུན་གྱིས་མི་རིཌ་མཐུན་སྒྲིལ་ཡར་ཐོན་ཆེད་ལེགས་སྐྱེས་འབུལ་རྒྱུར་འབད་བརྩོན་བྱེད་པའི་སྟོན་ཕྱོགས་བཟང་པོ་བཏོད་ཡོད་པ་རེད།

    མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་བརྟན་དུ་བཏང་།

    མི་རིཌ་ཁག་དབར་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་ནས་གཅིག་ལ་གཅིག་འབྲེལ་དང་ཕན་ཚུན་མཉམ་འདྲེས་དངོས་འབྲེལ་ཡོང་བར་བྱས་ཡོད།

    གཞིས་རྩེ་གྲོང་ཁྱེར་གྱིས་མི་རིཌ་མཐུན་སྒྲིལ་ཐང་ཆེན་15དང་། མི་རིགས་མཐུན་སྒྲིལ་ཁྲོམ་གཞུང་18བསྐྲུན་ནས་ཐང་ཆེན་ཞབས་བྲོ་དང་སྒོར་གཞས་སོགས་མི་རིགས་ཁག་གི་མང་ཚོགས་རང་བཞིན་གྱི་མཛའ་གྲོགས་བྱེད་སྒོ་སྤེལ་རྒྱུ་སྒྲིག་འཛུགས་བྱས་ཏེ་མི་རིགས་ཁག་དབར་ཕན་ཚུན་བསྒར་རྒྱན་ལྟ་བུའི་སྤྱི་ཚོགས་ཀྱི་སྒྲིག་གཞི་དང་སྡེ་ཁུལ་གྱི་ཁོར་ཡུག་བཏོད་ཡོད་པ་རེད།

    དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་རིང་། གཞིས་རྩེ་གྲོང་ཁྱེར་གྱིས་ནང་ས་ནས་འདེབས་འཛུགས་གསོ་ཚགས་དུད་ཆེན་ཧ་ཅང་མང་པོ་གཞིས་རྩེར་གཞིས་ཆགས་རྒྱུར་གདན་དྲངས་ཏེ་རང་ངོས་འཕེལ་རྒྱས་བཏང་བ་དང་ཆབས་ཅིག མང་ཚོགས་དབུལ་སྒྲོལ་ཐུབ་རྒྱུར་རོགས་རམ་བྱས་ནས་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་ཁོར་ཡུག་བཟང་པོ་བཏོད་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།