[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • དྲག་ཆས་ཉེན་རྟོག་དཔོན་དམག་གིས་འགྱིག་ཕད་ནང་བྱེ་མ་བླུགས་བཞིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-20

    zengfg981176_s.jpg

    འདི་ནི་དྲག་ཆས་ཉེན་རྟོག་དཔོན་དམག་གིས་འགྱིག་ཕད་ནང་བྱེ་མ་བླུགས་བཞིན་པ།

    བསྟུད་མར་ཆར་པ་ཆེན་པོ་བབས་ནས་གཞིས་རྩེ་གྲོང་ཁྱེར་གྱི་མྱང་ཆུ་གཙང་པོའི་ཆུ་ཁ་མུ་མཐུད་རྒྱས་ཏེ། པ་སྣམ་རྫོང་དགའ་སྡོང་གྲོང་རྡལ་སྐྱིད་གཤོངས་གྲོང་ཚོའི་ཆུ་རགས་སྨི་45ཆུས་འཁྱེར་བ་དང་སྨི་80ལྷག་ཙམ་ལ་གཏོར་སྐྱོན་ཕོག་ནས་ཉེ་འཁོར་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་ཉེན་ཁ་ཆེན་པོ་བཟོས་ཡོད།

    ཟླ་8ཚེས་5ཉིན་གྱི་ཆུ་ཚོད་11དང་སྐར་མ་24ལ། དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གཞིས་རྩེ་ཉིང་ལག་རུ་ཁག་ལ་ས་གནས་ཀྱི་གནོད་འཚེའི་གནས་ཚུལ་གྱི་བཀའ་རྒྱ་འབྱོར་རྗེས་མགྱོགས་མྱུར་འཕྲལ་སྡོམ་སྔོན་ཇུས་བཟོས་ནས“གནས་ཚུལ་རིགས་གསུམ་ཐོན་ཚེ་འཕྲལ་མ་ཉིད་དུ་ས་གནས་ས་ཐོག་ཏུ་འབྱོར་དགོས་པའི”བྱ་ཐབས་སྤྱད་དེ། དྲག་ཆས་ཉེན་རྟོག་དཔོན་དམག་300ལྷག་ཙམ་མྱུར་འཛོམ་བྱས་ནས་ཛ་དྲག་རོགས་སྐྱོབ་ཀྱི་ཉེན་སེལ་ལས་དོན་སྤེལ་བ་རེད། ཆུ་ཚོད་9ལྷག་ཙམ་རིང་རྒྱུན་མཐུད་འབད་འཐབ་བྱས་པ་བརྒྱུད། ཆུ་ཁ་མཐོ་བའི་ཉེན་ཁའི་གནས་ཚུལ་ཚོད་འཛིན་ནུས་ལྡན་ཐུབ་ཡོད། མི་སྣ་འཆི་རྨས་དང་། དེ་བཞིན་གྲོང་ཚོ་དང་ས་ཞིང་ལ་གནོད་སྐྱོན་བྱུང་བའི་སྙན་ཞུ་འབྱོར་མེད། མིག་སྔར་ཉེན་སེལ་ལས་དོན་མཇུག་འགྲིལ་བ་དང་འབྲེལ་ཡོད་སྡེ་ཚན་གྱིས་མི་སྣ་བཀོད་སྒྲིག་བྱས་ཏེ་ཆུ་རགས་ཀྱི་ཉེན་ཁའི་གནས་ཚུལ་ལ་ལྟ་སྲུང་བྱེད་དུ་བཅུག་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།