[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • སྐམ་དམག་དགུ་ལྔ་ལྔ་སྨན་ཁང་གིས“ཀྲུང་གོའི་སྨན་པའི་དུས་ཆེན”ཐེངས་གཉིས་པར་རྟེན་འབྲེལ་ཞུས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-27

    zengfg98213.jpg

    ཟླ་8ཚེས་16ཉིན་གྱི“ཀྲུང་གོའི་སྨན་པའི་དུས་ཆེན”ཐེངས་གཉིས་པ་བསུ་ཆེད། སྐམ་དམག་དགུ་ལྔ་ལྔ་སྨན་ཁང་གིས་སྨན་ཁང་གི་སྨན་དོན་མི་སྣ་ཡོངས་དང་། ཆབ་མདོར་བཅའ་སྡོད་དཔུང་སྡེའི་འཕྲོད་བསྟེན་མི་སྣ་ཁག་གཅིག་སྒྲིག་འཛུགས་བྱས་ཏེ། མཉམ་དུ་ཏང་དང་མི་དམངས། དམག་དཔུང་བཅས་ལ་རྔམ་བརྗིད་ལྡན་པའི་དམ་བཅའ་བཞག་ནས། ཆབ་མདོར་བཅའ་སྡོད་དཔུང་སྡེའི་འཕྲོད་བསྟེན་ལས་དོན་པས་དཔུང་སྡེར་ཞབས་འདེགས་དང་། དཔོན་དམག་དང་ས་གནས་ཀྱི་མང་ཚོགས་ལ་བློ་གཅིག་སེམས་གཅིག་གིས་ཞབས་འདེགས་ཞུ་བའི་ཡིད་ཆེས་དང་ཆོད་སེམས་མཚོན་པར་བྱས་ཤིང་། དམག་དཔུང་གི་སྨན་བཅོས་འཕྲོད་བསྟེན་ལས་དོན་པའི་བསམ་པའི་ཉམས་འགྱུར་བཟང་པོ་གང་ལེགས་མངོན་པར་བྱས་པ་རེད།

    ཉེ་དུས། སྐམ་དམག་དགུ་ལྔ་ལྔ་སྨན་ཁང་གི་སྒོ་བསྟེན་ཐོག་བརྩེགས་ཁང་ཆེན་གྱི་མདུན་དུ། འཕྲོད་བསྟེན་དཔོན་དམག་དང་དཔུང་སྡེའི་ནང་ལས་ཀ་བྱེད་མཁན་གྱི་ས་གནས་ཀྱི་གདན་ཞུས་སྨན་པ་དང་། སྨན་གཡོག་བཅས་བརྒྱ་ལྷག་ཙམ་མཉམ་དུ་འཛོམས་ནས་སྨན་ཁང་གི་ཡོན་ཀྲང་ཁྲེང་པོའི་སྣེ་ཁྲིད་འོག དམར་མདངས་བཀྲ་བའི་དར་དམར་ལ་ཁ་ཕྱོགས་ནས་རྔམ་བརྗིད་ལྡན་པའི་དམ་བཅའ་བཞག་པ་རེད།

    སྨན་ཁང་གི་ཡོན་ཀྲང་ཁྲེང་པོ་ཡིས། བོད་དམག་ཁུལ་སྤྱི་ཁྱབ་སྨན་ཁང་ཏང་ཨུད་ཀྱི་སྣེ་ཁྲིད་འོག སྨན་ཁང་གི་སྨན་དོན་མི་སྣ་ཡོངས་ཀྱིས་སྨན་བཅོས་ལག་རྩལ་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་བ་དང་། སྨན་པའི་ཀུན་སྤྱོད་འཛུགས་སྐྱོངལ་ཤུགས་སྣོན་བརྒྱབ་སྟེ། “སྒྲིག་ཆས་རྩེ་གྲ་དང་། ལག་རྩལ་རྩེ་གྲ ཤེས་ལྡན་མི་སྣ་རྩེ་གྲ ཞབས་འདེགས་རྩེ་གྲ”བཅས་ནས་བཅའ་སྡོད་བྱ་ཡུལ་གྱི་དཔོན་དམག་དང་མང་ཚོགས་ཚོར་བློ་གཅིག་སེམས་གཅིག་གིས་ལས་དོན་དངོས་བསྒྲུབས་པ་དང་དཀའ་གནད་བསལ་ནས། “གོས་དཀར་ལྷ་རྗེའི”མཚན་སྙན་ལ་ངོ་མི་གནོང་བ་བྱས་ཡོད་ཅེས་བརྗོད།

    ཤེས་རྟོགས་བྱུང་བར་གཞིགས་ན། དམ་བཅའ་བསྐྱར་དྲན་དང་དམ་བཅའ་བསྐྱར་དུ་བཞག་རྗེས། དཔོན་དམག་དང་གདན་ཞུས་སྨན་དོན་མི་སྣས་བརྗོད་དོན་གཙོ་བོའི་བྱེད་སྒོ་དང་ཟུང་འབྲེལ་གྱིས། ཚོགས་ཆུང་ཁག་བགོས་ཀྱི་གྲོས་བསྡུར་དང་སྤེལ་རེས་བྱས་པ་དང་ཆབས་ཅིག སྨན་པའི་དུས་ཆེན་གྱི་ཉིན་མོར་གློག་བརྙན་ལྟ་བ་སོགས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ནས། སྨན་དོན་མི་སྣའི་དུས་ཆེན་གྱི་རྣམ་པ་ཟབ་མོ་ཞིག་བཏོད་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།