[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་བྱེད་རིང་རང་ལྗོངས་ཀྱི་སྤྱི་བདེ་ལས་ཁུངས་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ།

    ལོ་སྟོད་དུ་ནག་གཤེད་ཕྱོགས་གཏོགས་དང་འབྲེལ་བའི་ཉེས་གསོག་ཚོགས་པའི་གྱོད་གཞི་8མྱུལ་ཞིབ་བྱས་ནས་རྩད་ཆོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-27

    འདི་ལོའི་ལོ་སྟོད་དུ། རང་ལྗོངས་ཀྱིས་ནག་སེལ་གཤེད་བཅོམ་དང་ལོག་སེལ་ཟིང་བཅོས་ཀྱི་ཆེད་དོན་འཐབ་རྩོད་སྤེལ་རིང་། ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ནག་ཚོགས་ཀྱི་ངོ་བོ་དང་འབྲེལ་བའི་གྱོད་གཞི་གཉིས་མྱུལ་ཞིབ་རྩད་བཅད་པ་དང་། ནག་གཤེད་ཕྱོགས་གཏོགས་དང་འབྲེལ་བའི་ཉེས་གསོག་ཚོགས་པའི་གྱོད་གཞི་8མྱུལ་ཞིབ་རྩད་གཅོད་བྱས་ཏེ། ཉེས་གསོག་དོགས་ཅན་81བཟུང་བ་རེད། ནག་གཤེད་དང་འབྲེལ་བ་ཡོད་པའི་རིགས་དགུའི་གྱོད་གཞི་60མྱུལ་ཞིབ་རྩད་གཅོད་བྱས་ནས། ཉེས་གསོག་དོགས་ཅན་217བཟུང་བ་དང་། ཁྲིམས་འགལ་གྱི་རྩ་འཛུགས་13ལ་རྡུང་རྡེག་བཏང་བ་དང་གཙོ་གནད་མི་སྣའི་ཁྲིམས་འགལ་བྱེད་སྤྱོད་ཀྱི་གྱོད་གཞི་31རྩད་ཆོད་ནས་མི་223ལ་ཁྲིམས་ལྟར་རྡུང་རྡེག་བཏང་བ། ནག་ཚོགས་དང་འབྲེལ་བའི་གྱོད་གཞི་13མྱུལ་ཞིབ་རྩད་གཅོད་བྱས་ཏེ། མ་དངུལ་སྒོར་ཁྲི་140.6བཀག་སྡོམ་བྱས་པ་དང་། མ་དངུལ་སྒོར་ཁྲི་222.7བཀག་ཉར་བྱས་པ། མ་དངུལ་སྒོར་ཁྲི་42གཞུང་བཞེས་བཏང་བ་རེད།

    liy98583.jpg

    འདི་ནི་མི་དམངས་ཉེན་རྟོག་པས་ནག་སེལ་གཤེད་བཅོམ་གྱི་དྲིལ་བསྒྲགས་བྱེད་བཞིན་པ།

    གསར་འགོད་པར་ཤེས་རྟོགས་བྱུང་བར། གྱོད་གཞི་ཚབས་ཆེན་དང་དཀའ་གནད་ཆེ་ལ་རྙོག་འཛིང་ཆེ་བའི་གྱོད་གཞི་མྱུལ་ཞིབ་རྩད་གཅོད་དང་ཁུངས་སྣེ་ཞིབ་བཤེར་གྱི་ལས་དོན་ལ་དམིགས་ནས། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་ནག་སེལ་གཞུང་ལས་ཁང་དང་གྲོང་ཁྱེར་དང་ས་ཁུལ་བདུན་གྱི་སྤྱི་བདེ་ཅུས(ཁྲུའུ)ཡིས་མི་དམངས་ཉེན་རྟོག་པ་ཧྲག་པོ་263སྒྲིག་འཛུགས་བྱས་ནས། ཁུངས་སྣེ་ཞིབ་བཤེར་གྱི་འགག་སྒྲོལ་རུ་ཁག་བཙུགས་ཏེ་གྱོད་གཞི་མྱུལ་ཞིབ་རྩད་གཅོད་བྱས་པས། གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། འདི་ལོའི་ལོ་སྟོད་དུ། རང་ལྗོངས་ཀྱིས་ནག་སེལ་གཤེད་བཅོམ་དང་ལོག་སེལ་ཟིང་བཅོས་ཀྱི་ཆེད་དོན་འཐབ་རྩོད་སྤེལ་རིང་། ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ནག་ཚོགས་ཀྱི་ངོ་བོ་དང་འབྲེལ་བ་ཡོད་པའི་གྱོད་གཞི་གཉིས་མྱུལ་ཞིབ་རྩད་བཅད་པ་དང་། ནག་གཤེད་ཕྱོགས་གཏོགས་དང་འབྲེལ་བའི་ཉེས་གསོག་ཚོགས་པའི་གྱོད་གཞི་8མྱུལ་ཞིབ་རྩད་གཅོད་བྱས་ཏེ། ཉེས་གསོག་དོགས་ཅན་81བཟུང་བ་རེད།

    དེ་དང་དུས་མཚུངས། ནག་གཤེད་དང་འབྲེལ་བའི་རིགས་དགུའི་གྱོད་གཞི་60མྱུལ་ཞིབ་རྩད་གཅོད་བྱས་ནས། ཉེས་གསོག་དོགས་ཅན་217བཟུང་བ་དང་། ཁྲིམས་འགལ་གྱི་རྩ་འཛུགས་13ལ་རྡུང་རྡེག་བཏང་བ་དང་གཙོ་གནད་མི་སྣའི་ཁྲིམས་འགལ་བྱེད་སྤྱོད་ཀྱི་གྱོད་གཞི་31རྩད་ཆོད་ནས་མི་223ལ་ཁྲིམས་ལྟར་རྡུང་རྡེག་བཏང་བ། ནག་ཚོགས་དང་འབྲེལ་བའི་གྱོད་གཞི་13མྱུལ་ཞིབ་རྩད་གཅོད་བྱས་ཏེ། མ་དངུལ་སྒོར་ཁྲི་140.6བཀག་སྡོམ་བྱས་པ་དང་། མ་དངུལ་སྒོར་ཁྲི་222.7བཀག་ཉར་བྱས་པ། མ་དངུལ་སྒོར་ཁྲི་42གཞུང་བཞེས་བཏང་བ་བཅས་བྱས་པས། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་སྤེལ་རིང་རང་ལྗོངས་ཀྱི་སྤྱི་བདེ་ལས་ཁུངས་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།

    རང་སྐྱོང་ལྗོངས་སྤྱི་བདེ་ཐིང་ནག་སེལ་གཞུང་ལས་ཁང་གིས་གྱོད་གཞིའི་ཁུངས་སྣེར་ལྟ་སྐུལ་མཛུབ་ཁྲིད་དང་། ཕྱོགས་སྡོམ། ཚུར་ལན་བཅས་ལ་སྣང་ཆེན་བྱས་ཏེ། ཁུངས་སྣེ་རེ་རེ་དང་གྱོད་གཞི་རེར་འགག་སྒྲོལ་རུ་མི་གཉིས་རེ་མངགས་ཏེ། གྱོད་གཞི་དང་། ཁུངས་སྣེ། ས་ཚིགས་བཅས་ལ་རྗེས་འདེད་སྒྲུབ་གཉེར་དང་རིམ་པ་བཞིན་ཚུར་ལན་གྱི་ལས་དོན་སྤེལ་བ་རེད། ལྗོངས་ཡོངས་ཀྱིས་མྱུལ་ཞིབ་རྩད་གཅོད་ཀྱི་ལས་དོན་ཚ་ཚ་འུར་འུར་སྤེལ་སྐབས། གྱོད་གཞི་ཚབས་ཆེན་དང་། ལྟ་སྐུལ་སྒྲུབ་གཉེར་གྱི་གྱོད་གཞི། དཀའ་གནད་ཆེ་ལ་རྙོག་འཛིང་ཆེ་བའི་གྱོད་གཞི་ཁག་གཅིག་ལ། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གིས་མྱུལ་ཞིབ་རྩད་གཅོད་དང་། ལྟ་སྐུལ་སྒྲུབ་གཉེར། ཡུལ་གཞན་གྱི་ཉེན་རྟོག་པ་དང་མཉམ་ལས་བྱས་པ། ཡུལ་གཞན་དུ་བཙན་ཉར་སོགས་ནུས་ལྡན་གྱི་བྱེད་ཐབས་སྣ་མང་སྤྱད་དེ། ཆེད་དོན་གྱོད་གཞི་མྱུལ་ཞིབ་རྩད་གཅོད་དང་ཁུངས་སྣེ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་བརྒྱབ་པས། དེའི་རིང་གྱོད་གཞི་5དང་ཁུངས་སྣེ་32ལྗོངས་སྤྱི་བདེ་ཐིང་གིས་ལྟ་སྐུལ་སྒྲུབ་གཉེར་བྱས་པ་རེད། གྱོད་གཞི་གཙོ་བོ་9ཡི་ཁུངས་སྣེ་གྲལ་བཤེར་དང་། སྣེ་འཁྲིད་དེ་མྱུལ་ཞིབ་རྩད་གཅོད། ཡུལ་གཞན་གྱི་ཉེན་རྟོག་པ་དང་མཉམ་ལས་བྱས་ཡོད། ཀྲུང་དབྱང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་སྒྲུབ་གཉེར་བྱ་རྒྱུར་རྩིས་སྤྲད་པའི་གྱོད་གཞི་དང་ཁུངས་སྣེ་ཚང་མར་རྗེས་སྙེགས་ལྟ་སྐུལ་སྒྲུབ་གཉེར་བྱས་པ་རེད།

    ཆེད་དོན་འཐབ་རྩོད་སྤེལ་བ་ནས་བཟུང་། ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་སྒྲུབ་གཉེར་བྱས་པའི་ནག་གཤེད་ཕྱོགས་གཏོགས་དང་འབྲེལ་བའི་གྱོད་གཞི་185ནང་ཞིབ་དཔྱོད་ཁང་དང་ཁྲིམས་ཁང་གིས་གྱོད་གཞི་33ལ་སྔོན་ནས་ཞུགས་ཏེ། ནག་གཤེད་ཕྱོགས་གཏོགས་དང་འབྲེལ་བའི་གྱོད་གཞི་རྩད་གཅོད་མྱུར་པོ་བྱས་ནས་གང་མགྱོགས་བཟུང་བ་དང་ཞུ་གཏུག་མགྱོགས་པོ་བརྒྱབ་ནས་ཁྲིམས་ཐག་མགྱོགས་མྱུར་གཅོད་རྒྱུར་བཅའ་ཁྲིམས་ཀྱི་མཛུབ་ཁྲིད་ནུས་ལྡན་ཐུབ་ཡོད། རྒྱུན་དུ་སྒྲིག་བཤེར་ལྟ་ཞིབ་སྡེ་ཚན་དང་མཉམ་འགུལ་དང་། ཁུངས་སྣེ་ཕྱོགས་གཉིས་ལ་སྐྱེལ་བ་དང་མགྱོགས་མྱུར་ཚུར་ལན་གྱི་ལམ་སྲོལ་བཙུགས་ནས། ནག་གཤེད་ཕྱོགས་གཏོགས་དང་འབྲེལ་བའི་རུལ་སུངས་དང་ནག་ཚོགས་སྟོབས་ཤུགས་ཀྱི“རྒྱབ་རྩར”ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཏེ། རྒྱལ་ཁབ་ལྟ་ཞིབ་ལ་རྩིས་སྤྲོད་རྒྱུའི་ཁྲིམས་འགལ་སྒྲིག་འགལ་གྱི་གནད་དོན་གྱི་ཁུངས་སྣེ་49ཡི་མི་93འཕྲལ་མར་ཤེས་རྟོགས་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།