[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • བཅིངས་འགྲོལ་དམག་སྤྱི་ཁྱབ་སྨན་ཁང་གིས་རང་ལྗོངས་སུ་རྒྱང་ཁྲིད་གསོ་རིག་ས་ཚིགས་45རོགས་སྐྲུན་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-27

    ཚེས་16ཉིན། ལྷ་སར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྤྱི་ཁྱབ་སྨན་ཁང་དབར་བདེ་ཐང་དབུལ་སྐྱོར་སྒྲོམ་གཞིའི་གྲོས་མཐུན་བཞག་པ་རེད། གྲོས་མཐུན་གཞིར་བཟུང་། མ་འོངས་ལོ་ལྔའི་ནང་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྤྱི་ཁྱབ་སྨན་ཁང་གིས་བོད་དུ་རྒྱང་ཁྲིད་གསོ་རིག་ས་ཚིགས་45རོགས་སྐྲུན་བྱ་རྒྱུ་དང་། དེ་དག་བོད་ཀྱི་རྫོང་རིམ་པ་ཡན་གྱི་གཞུང་བཙུགས་སྨན་ཁང་ལ་ཁྱབ་རྒྱུ་ཡིན་ཞིང་། སྨན་ཁང་དེས་ད་དུང་རིན་པ་མི་དགོས་པར་རྒྱང་ཁྲིད་གསོ་རིག་ཞབས་ཞུ་མཁོ་འདོན་བྱ་རྒྱུ་ཡིན་པ་རེད།

    བཅིངས་འགྲོལ་དམག་སྤྱི་ཁྱབ་སྨན་ཁང་གི་ཡོན་ཀྲང་རེན་གོ་ཆོན་གྱིས་ངོ་སྤྲོད་བྱས་པར། ཁང་དེས་བོད་ཀྱི་རྫོང་རིམ་པ་ཡན་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་45ལ་P2ཀྱི་ཚད་གཞི་དང་འཚམ་པའི་ཚོད་ལྟ་ཁང་རོགས་སྐྲུན་བྱ་རྒྱུ་དང་། ཁ་གཏད་རོགས་སྐྱོར་བྱ་ཡུལ་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པར་འགོས་ནད་རིག་ཚན་གྱི་ཕྱོགས་བསྡུས་སྟོབས་ཤུགས་ཆེ་རུ་གཏོང་རྒྱུ། ལོ་ལྟར་རང་སྐྱོང་ལྗོངས་ཀྱིས་བདམས་ནས་བསྐྱལ་བའི་ཆེད་ལས་ལག་རྩལ་མི་སྣ་100ལ་རིན་པ་མི་དགོས་པར་ཟབ་སྦྱོང་གསོ་སྦྱོང་བྱ་རྒྱུ་རེད། གཞན་ཡང་། ཕྱོགས་གཉིས་པོས་ད་དུང་འགོས་ནད་དང་། ཡུལ་ནད། ལས་རིགས་ཀྱི་ནད་སོགས་ཁྱབ་ཁོངས་ཀྱི་རིམས་ནད་རིག་པའི་བརྟག་དཔྱད་དང་ནད་གཞི་དབྱེ་ཞིབ་ཞིབ་འཇུག་སོགས་མཐུན་སྦྱོར་འགག་སྒྲོལ་བྱ་རྒྱུ་རེད།

    zhuy9842.jpg

    འདི་ནི་ཟླ་8ཚེས་15ཉིན་བཅིངས་འགྲོལ་དམག་སྤྱི་ཁྱབ་སྨན་ཁང་གི་རིགས་གཅིག་མཁས་ཅན་ལྷ་ས་གྲོང་ཁྱེར་གྱི་སྡེ་ཁུལ་དུ་བསྐྱོད་དེ་མང་ཚོགས་དབུལ་པོར་འོས་འགན་སྨན་བཅོས་བྱེད་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།