[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • རྨེ་རུ་སྡེ་ཁུལ་གྱིས་བརྡ་ཁྱབ་ཆུང་ཆུང་གཙང་སེལ་གྱི་དང་བླངས་པའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-10

    སྡེ་ཁུལ་གྱི་གྲོང་མི་མང་ཚོགས་ལ་གྲལ་སྟར་འགྲིག་ལ་མཛེས་སྡུག་ལྡན་པའི་སྡོད་མལ་གྱི་ཁོར་ཡུག་ཅིག་གཏོད་ཆེད། ཟླ་8ཚེས་20ཉིན། རྨེ་རུ་སྡེ་ཁུལ་གྲོང་མི་ཨུ་ལྷན་གྱིས་དང་བླངས་པ་སྒྲིག་འཛུགས་ཧུར་ཐག་བྱས་ཏེ། “ཛར་ཛོར་གཙང་སེལ་བྱས་ནས་གྲོང་ཁྱེར་གྱི་ཁོར་ཡུག་མཛེས་སུ་གཏོང་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་བརྡ་ཁྱབ་ཆུང་ཆུང་གཙང་སེལ་གྱི་དང་བླངས་པའི་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་། དང་བླངས་པ་ཚོས་ཁོངས་གཏོགས་ཁུལ་གྱི་གྱང་ལྡེབས་དང་སྤྱི་སྤྱོད་རླངས་འཁོར་བབས་ཚུགས་སོགས་སུ་སྦྱར་བའི་བརྡ་ཁྱབ་ཆུང་ཆུང་སོགས་གཙང་སེལ་བྱས་པ་དང་ཆབས་ཅིག རང་ཉིད་ཀྱི་བྱ་སྤྱོད་ངོ་མའི་ཐོག་ནས་གྲོང་ཁྱེར་མཛེས་སུ་གཏོང་བའི་གྲོང་མི་མང་ཚོགས་ཀྱི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་བཏང་བ་རེད། ཚང་མར་ད་ཐེངས་ཀྱི་བྱེད་སྒོར་ཞུགས་ཏེ་སྒྲིག་འགལ་ངང་བརྡ་ཁྱབ་ཆུང་ཆུང་སྦྱར་བའི་ཟང་ཟིང་གི་རྣམ་པ་བཀག་སྡོམ་ནུས་ལྡན་བྱེད་པ་དང་། མང་ཚོགས་ཀྱི་ཤེས་དཔལ་གྱི་བྱང་ཚད་མཐོ་རུ་གཏོང་བ། གཙང་སྦྲ་དོད་ལ་གྲལ་སྟར་འགྲིག་པའི་གྲོང་ཁྱེར་གྱི་ཁོར་ཡུག་གཏོད་པ་བཅས་ཀྱི་ཁྲིད་སྟོན་ཡང་བྱས་པ་རེད། ད་རེས་བརྡ་ཁྱབ་ཆུང་ཆུང་གཙང་སེལ་གྱི་བྱེད་སྒོ་སྤེལ་རིང་། དང་བླངས་ཞབས་ཞུའི་བྱེད་སྒོའི་ཤུགས་རྐྱེན་སྔར་བས་ཆེ་རུ་བཏང་བ་མ་ཟད། ད་དུང་རྒྱ་ཆེའི་གྲོང་མི་མང་ཚོགས་ལ་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་ཁྲིད་སྟོན་ཡང་བྱས་ནས་ཞི་མཐུན་ཤེས་དཔལ་གྱི་སྡེ་ཁུལ་གཏོད་ཆེད། རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།