[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • ར་མོ་ཆེ་སྡེ་ཁུལ་གྱིས“རྒན་བཀུར་རྒན་གཅེས”ཀྱི་དང་བླངས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-10

    རྒན་རྒོན་ལ་བརྩི་བཀུར་གྱི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་དང་། དང་བླངས་ཞབས་ཞུའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་རྒན་བཀུར་རྒན་བརྩི་དང་རྒན་གཅེས་རྒན་རོགས་ཀྱི་སྤྱི་ཚོགས་ཀྱི་སྣང་ཚུལ་ཡག་པོ་གཏོད་ཆེད། ཟླ་8ཚེས་20ཉིན། ར་མོ་ཆེ་སྡེ་ཁུལ་གྱིས་ཁོངས་གཏོགས་ཁུལ་གྱི་ལོ་ན་མཐོ་བའི་རྒན་རྒོན་མི་ཧྲེང་ལ་དམིགས་ནས་དང་བླངས་པ་སྒྲིག་འཛུགས་བྱས་ཏེ“རྒན་བཀུར་རྒན་གཅེས”ཀྱི་བྱམས་སྐྱོང་རོགས་སྐྱོར་གྱི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་། དང་བླངས་པ“རྒན་བཀུར་རྒན་གཅེས”ཀྱི་བྱམས་སྐྱོང་རོགས་སྐྱོར་དང་བླངས་ཞབས་ཞུའི་བྱེད་སྒོར་ཧུར་ཐག་ཞུགས་ཏེ་ཁོངས་གཏོགས་ཁུལ་གྱི་ལོ་ན་མཐོ་བའི་རྒན་རྒོན་མི་ཧྲེང་གི་ཁྱིམ་དུ་བསྐྱོད་ནས་རྒན་རྒོན་གྱི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས་དང་དེ་བཞིན་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཇི་ལྟར་བྱེད་པ་སོགས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ཤེས་བྱ་འགྲེལ་བཤད་བརྒྱབ་པ་རེད།

    ར་མོ་ཆེ་སྡེ་ཁུལ་གྱིས་ཉམས་ཞན་ཚོགས་སྤྱིར་བདག་སྐྱོང་བྱ་རྒྱུ་གཙོ་བོར་བྱས་ཁར“རྒན་བཀུར་རྒན་གཅེས”ཀྱི་བྱམས་སྐྱོང་རོགས་སྐྱོར་དང་བླངས་ཞབས་ཞུའི་བྱེད་སྒོའི་རྣམ་པར་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རྒན་བཀུར་གཞོན་གཅེས་དང་གཞན་ཕན་རོགས་རེས་ཀྱི་སྤྱོད་བཟང་སྔར་བས་དར་སྤེལ་བཏང་བ་དང་། ཁོངས་གཏོགས་ཁུལ་དུ་རྒན་བཀུར་དང་། རྒན་གཅེས། རྒན་རོགས་བཅས་ཀྱི་སྤྱི་ཚོགས་ཀྱི་དར་སྲོལ་ཡག་པོ་ཆགས་པར་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།