[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • བོད་ཀྱིས་བཟའ་བཅའི་བདེ་འཇགས་འགུལ་རྣམ་ལྟ་འདོམས་ཀྱི་གྲངས་གཞིའི་མཛོད་བཙུགས་པ།

    བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་སྟེ་ཆ་འཕྲིན་ཅན་གྱི་ལྟ་འདོམས་ལ་རྨང་གཞི་བརྟན་པོ་བཏིང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-17

    liy99270_s.jpg

    བཟའ་བཅའི་བདེ་འཇགས་ལྟ་འདོམས་ལ་ཤུགས་སྣོན་རྒྱུན་ཆད་མེད་པར་བརྒྱབ་ནས། རྒྱ་ཆེའི་མང་ཚོགས་ཀྱིས་བློ་བདེའི་ངང་བཟའ་བཅའ་དང་དངོས་ཟོག་ཉོ་བ་དང་སྤྱོད་པ་བཅས་བྱ་ཆེད། འདི་ལོ། རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་དང་། ཁྱབ་ཁོངས་གཙོ་བོའི་གནད་དོན་ཆེད་དོན་བཅོས་སྒྲིག བཟའ་བཅའི་བདེ་འཇགས་དཔེ་སྟོན་སྣེ་ཁྲིད་བཅས་བྱས་ཏེ་ཐོན་ལས་མཐོར་གཏོང་གི“བྱ་སྤྱོད་བཞི”སྤེལ་ཡོད། གསར་འགོད་པར་ཤེས་རྟོགས་བྱུང་གསལ། མིག་སྔར། རང་ལྗོངས་ཀྱིས་བཟའ་བཅའ་གཉེར་སྐྱོང་གི་བྱེད་པོ་གཙོ་བོ་ཁྲི་6.18ཞིབ་བཤེར་བྱས་པ་དང་ཆབས་ཅིག འགུལ་རྣམ་ལྟ་འདོམས་ཀྱི་གྲངས་གཞིའི་མཛོད་བཙུགས་ནས་ཆ་འཕྲིན་ཅན་གྱི་ལྟ་འདོམས་ལ་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།

    འདི་ལོ། རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་དང་། ཁྱབ་ཁོངས་གཙོ་བོའི་གནད་དོན་ཆེད་དོན་བཅོས་སྒྲིག བཟའ་བཅའི་བདེ་འཇགས་དཔེ་སྟོན་སྣེ་ཁྲིད་བཅས་བྱས་ནས་ཐོན་ལས་མཐོར་གཏོང་གི“བྱ་སྤྱོད་བཞི”ཧུར་ཐག་སྤེལ་བ་རེད།

    ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ནས་ཤེས་རྟོགས་བྱུང་གསལ། མིག་སྔར། རང་ལྗོངས་ཀྱིས་བཟའ་བཅའ་གཉེར་སྐྱོང་གི་བྱེད་པོ་གཙོ་བོ་ཁྲི་6.18ལ་ཞིབ་བཤེར་བྱས་པ་དང་ཆབས་ཅིག་འགུལ་རྣམ་ལྟ་འདོམས་ཀྱི་གྲངས་གཞིའི་མཛོད་བཙུགས་ནས་ཆ་འཕྲིན་ཅན་གྱི་ལྟ་འདོམས་ལ་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད། སློབ་གྲྭའི་ཟ་ཁང་4226དང་སློབ་གྲྭའི་ཉེ་འཁོར་གྱི་ཟ་ཁང་དང་ཚོང་ཁང་8815ལ་ཞིབ་བཤེར་བྱས་པ་དང་། སློབ་གྲྭའི་ཟ་ཁང་དང་ཉེ་འཁོར་གྱི་ཟ་ཁང་དང་ཚོང་ཁང་154བཅོས་སྒྲིག་བྱེད་དགོས་པའི་བཀའ་རྒྱ་བཏང་བ། གཏན་འབེབས་དང་མི་མཐུན་པའི“སྒོར་ཟུར་ལྔའི་ཟས་རིགས”སྣ་ཁ་42ཚོང་མི་ཆོག་པ་བཟོས་ཡོད། འཐེན་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་ལོ་ཧྲིལ་པོར་བཟའ་བཅའ་འཐེན་བཤེར་གྱི་ལས་འགན་ཁག་ཐེངས་5882སྒྲུབ་དགོས་པའི་ནང་ལས་འགན་ཁག་ཐེངས་1338ལེགས་སྒྲུབ་བྱུང་ནས་ཚད་ལོན་ཚད་98.1%ཟིན་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོ་སློབ་གྲྭའི་ཟ་ཁང་གི“ཐབ་ཚང་ཕྱི་གསལ་ནངགསལ”བྱུང་ཚད་90%ཡན་ཟིན་པ་དང་། གྲོང་ཁྱེར་ཆེ་འབྲིང་གི་བུ་བཅོལ་ཁང་དང་སློབ་གྲྭ་འབྲིང་ཆུང་གི“ཐབ་ཚང་ཕྱི་གསལ་ནང་གསལ+དྲ་སྦྲེལ”ཁྱབ་ཚད་10%ཟིན་ཡོད་པ་རེད།

    དེ་དང་ཆབས་ཅིག རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་སྤྱི་དམངས་ཀྱི་སྨན་རྫས་སྤྱོད་པའི་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་ལེན་བྱ་ཆེད། སྨན་རྫས་དང་། སྨན་བཅོས་ཡོ་བྱད། བྱུག་རྫས་བཅས་ཀྱི་ཚོང་ཁང་670ལ་ལྟ་སྐུལ་ཞིབ་བཤེར་བྱས་ནས། ཚོང་ཁང་54བཅོས་སྒྲིག་བྱ་རྒྱུའི་བཀའ་རྒྱ་བཏང་བ་དང“རྫས་གཉིས་དང་ཡོ་བྱད་གཅིག”གི་གྱོད་གཞི་20ལྷག་ཙམ་རྩད་གཅོད་ཐུབ་ཡོད་པ་རེད།

    གོམ་སྟབས་རྗེས་མར། རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་བདེ་འཇགས་ཀྱི་མཐའ་ཚད་སྲུང་བ་དང་། “ནན་ཤོས་བཞིའི”བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ། བཟའ་བཅའི་བདེ་འཇགས་ཀྱི་ལས་དོན་ལ་དམ་འཛིན་ནན་པོ་དང་། བཟའ་བཅའི་བདེ་འཇགས་ལ་དཔྱད་ཞིབ་ནན་པོ། བཟའ་བཅའི་བདེ་འཇགས་ཀྱི་གནད་དོན་གལ་ཆེན་འཕྲལ་སྡོམ་ཐག་གཅོད་བྱེད་རྒྱུར་དམ་འཛིན་ཡག་པོ་བཅས་བྱ་རྒྱུ་དང་། སློབ་གྲྭ་དང་གྲོང་ཁྱེར་དང་གྲོང་གསེབ་འབྲེལ་མཚམས་སོགས་གཙོ་གནད་ས་ཁོངས་ཀྱི་བཟའ་བཅའི་བདེ་འཇགས་ལས་དོན་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས། དྲ་ཐོག་ཁ་ལག་མངགས་པའི་གཙོ་གནད་ཐབས་ལམ་དང་། ཐོན་འབོར་ཆེ་བའི་བཟའ་བཅའ་དང་བྱིས་པའི་བཟའ་བཅའ་དེ་བཞིན་བདེ་སྲུང་བཟའ་བཅའ་སོགས་སྣ་ཁ་གཙོ་བོ་དང་། དུས་ཆེན་དང་གུང་གསེང་སོགས་གཙོ་གནད་དུས་ཚིགས་སྐབས་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་ཏན་ཏིག་སྤེལ་ཏེ་ཐོན་སྐྱེད་དང་། ཚོང་གཉེར། འཛད་སྤྱོད་བཅས་བརྒྱུད་རིམ་ཧྲིལ་པོར་ལྟ་འདོམས་བྱ་རྒྱུ་ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།