[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན་བྱེད།

    —— གཞིས་རྩེ་གྲོང་ཁྱེར་གྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོཌ་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་མཚམས་ཚིགས་གཉིས་པའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-24

    西藏法制报1_s.jpg

    ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མཉམ་སྡེབ་དང་དཔེ་བཟང་མི་སྒེར་འོས་སྦྱོར་གྱི་མཚན་ཐོ་ཡོངས་བསྒྲགས་བྱས་པ་རེད། མཚན་ཐོའི་ནང་གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་ཨུ་ཡོན་ལྷན་ཁང་། གམ་པ་རྫོང་ཨུ་ཡོན་ལྷན་ཁང་། རྣམ་གླིང་རྫོང་སློབ་འབྲིང་གཉིས་པ། རིན་སྤུངས་རྫོང་བྱེ་བ་ཤང་དང་དིང་རི་རྫོང་སྒང་དཀར་གྲོང་རྡལ་དབང་པོ་སྐྱོན་ཅན་མི་རིགས་ལག་ཤེས་བཟོ་ལས་མཉམ་ལས་ཁང་གི་ལས་འཛིན་དཔོན་བསྟན་འཛིན་དངོས་གྲུབ་དང་། ས་དགའ་རྫོང་འཕྲང་སྒོ་ཤང་གཡག་གཡག་གྲོང་ཚོའི་མཉམ་འགོག་རུ་ཁག་གི་རུ་དཔོན་སྲི་ཆོས། གཉའ་ནང་རྫོང་འགྲམ་གྲོང་རྡལ་སྤང་ཚོན་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཚེ་རིང་བྱམས་བསྟན། བསམ་གྲུབ་རྩེ་ཆུས་ངོར་དགོན་དོ་དམ་ཨུ་ལྷན་གྱི་ཁོའོ་ཡོན་ཝང་ཡ་ལན་སོགས་ཡོད་པ་རེད།

    གཟི་བརྗིད་མཚན་སྙན་གྱིས་མི་སེམས་ལ་སྐུལ་མ་ཐེབས་ཤིང་། གཏམ་རྒྱུད་སྙན་མོས་མི་སེམས་འགུལ་བར་བྱས་པས་གཞིས་རྩེ་གྲོང་ཁྱེར་གྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོར་ཕན་འབྲས་ཡག་པོ་ཐོན་ཡོད་པ་རེད།

    བྱ་སྤྱོད་སྤེལ།

    སྒྲོག་འགྲེལ་ཐབས་ལམ་གསར་དུ་བཏོད།ཐུན་མོང་ངོས་འཛིན་གཅིག་ཏུ་འདུས།

    འདི་ལོའི་ཟླ་7ཚེས་17ཉིན་ནས་ཟླ་8ཚེས་3ཉིན་བར། གཞིས་རྩེ་གྲོང་ཁྱེར་གྱིས་ཤང་དང་གྲོང་རྡལ་གྱི་ཞིང་འབྲོག་པའི་རྐང་འཛིན་སྒྲོག་འགྲེལ་པ་204སྒྲིག་འཛུགས་བྱས་ཏེ་པེ་ཅིང་དང་ཀུའེ་ཀྲོའུ་ཞིང་ཆེན་དུ་སློབ་སྦྱོང་རྟོག་ཞིབ་ཏུ་བསྐྱོད་པ་རེད།

    སྒྲོག་འགྲེལ་ནི་མང་ཚོགས་ཀྱི“སྐད་དུང་”དང“སྐད་སྒྱུར་བ”ཡིན་པས་སྒྲོག་འགྲེལ་བྱེད་རིང་འཕྲད་པའི“ཟབ་སྐྱོད་དཀའ་བ་དང་། དང་ལེན་དཀའ་བ། རྒྱུན་མཐུད་དཀའ་བ”བཅས་ཀྱི་གནད་དོན་ལ་ཕྱོགས་ནས་གཞིས་རྩེ་གྲོང་ཁྱེར་གྱིས་ལས་དོན་ཧུར་ཐག་བསྒྲུབས་པ་དང་། གཞི་རིམ་གྱི་སྒྲོག་འགྲེལ་དཔུང་ཁག་སྟོབས་ཆེན་འཛུགས་སྐྱོང་བྱས་ཏེ་གྲོང་ཁྱེར་དེ་ཡོངས་ཀྱི་ཤང་དང་གྲོང་རྡལ་གྱི་ཞིང་འབྲོག་པའི་རྐང་འཛིན་སྒྲོག་འགྲེལ་པ་204ནང་སར་སློབ་སྦྱོང་ལ་མངགས་པས་ཉིན་རེའི་བཀོད་སྒྲིག་མང་བ་དང་། བྱེད་སྒོ་ཕུན་སུམ་ཚོགས་པ། ཆེད་དམིགས་སློབ་ཚན་མང་བ་བཅས་ལས་ཕན་འབྲས་ཆེན་པོ་ཐོབ་ཡོད།

    སློབ་སྦྱོང་མཇུག་འགྲིལ་ནས་ལོག་སླེབས་རྗེས། གཞིས་རྩེ་གྲོང་ཁྱེར་གྱིས་འཕྲལ་མར་སྒྲོག་འགྲེལ་པ་སྒྲིག་འཛུགས་བྱས་ཏེ་གཅིག་སྡུད་སྒྲོག་འགྲེལ་དང་། སྐོར་སྐྱོད་སྒྲོག་འགྲེལ། ཁ་ཐོར་སྒྲོག་འགྲེལ་སོགས་ཀྱི་ཐབས་ལ་བརྟེན་ནས་མང་ཚོགས་ཁྲོད་བསྐྱོད་དེ་རང་ཉིད་སློབ་སྦྱོང་དང་རྟོག་ཞིབ་ཏུ་སྐྱོད་རིང་ཤེས་རྟོགས་བྱུང་བའི་མྱོང་ཚོར་རྣམས་ཞིབ་པར་གླེང་ཡོད།

    “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་རིང་མང་ཚོགས་ནི་བྱེད་པོ་དང་། སློབ་གསོ་ནི་བྱ་ཐབས་ཡིན། སློབ་གསོ་གཏོང་བར་སྒྲོག་འགྲེལ་པ་དང་ཁ་འབྲལ་ཐབས་མེད། “སྣང་ཆེན་བཞི་དང་དགའ་ཞེན་བཞི”ཡི་མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ“མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན་བྱེད་པའི”དུས་མཚམས་སུ་བསྒྱུར་རྗེས་གཞིས་རྩེ་གྲོང་ཁྱེར་གྱིས་སྒྲོག་འགྲེལ་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”དགོངས་དོན་དུད་ཁྱིམ་ཁྲི་སྟོང་མང་པོར་བརྒྱུད་བསྒྲགས་བྱས་པ་དང་། ཞིང་འབྲོག་མང་ཚོགས་ཁྲོད་ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཆགས་པར་བྱས་ནས་རྒྱལ་གཅེས་རིང་ལུགས་སྲོག་ཤིང་དུ་བྱེད་པའི་རླབས་ཆེན་མི་རིགས་ཀྱི་སྙིང་སྟོབས་དྲིལ་བསྒྲགས་བྱས་ཏེ་ཁོར་ཡུག་བཟང་པོ་ཞིག་བཏོད་པ་དང་མི་སེམས་གཅིག་ཏུ་སྒྲིལ་ནས་རྨང་གཞི་བརྟན་དུ་བཏང་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། མཚམས་ཚིགས་གཉིས་པའི་རིང་གཞིས་རྩེ་གྲོང་ཁྱེར་གྱིས་སྒྲོག་འགྲེལ་ཐེངས་9731བྱས་པ་དང་མང་ཚོགས་མི་ཐེངས་489549ལ་སློབ་གསོ་ཐེབས་པ། 《ལོང་བ་སྒྲོག་འགྲེལ་པ་ཉི་མ་སྐལ་བཟང་གི་གཏམ་རྒྱུད》དང་། 《མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་བ་བཀྲ་ཤིས་ལྷ་མོ་དང་ཐའོ་ཧྲན་གཙང་པོའི་གཏམ་རྒྱུད། གཅེས་སེམས་ལས་མི་སེམས་དྲོས། བརྩེ་བ་འཆང་བ་གཏམ་བཟང་དུ་གྱུར》《ལྷ་རྩེ་རྫོང་སླེའུ་ཤང་གི་སྒྲོག་འགྲེལ་པ་བཀྲ་ཤིས་སྤེན་འཛོམས་ལ་མང་ཚོགས་ཀྱིས་སྙིང་ཉེ་བའི་སྒོ་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞི”སྒྲོག་འགྲེལ་བྱེད་མཁན་ཨ་ཅག་ཅེས་འབོད་པ》སོགས་དཔེ་མཚོན་ཁག་གཅིག་ཐོན་ནས་དེ་དག་གི་གཏམ་རྒྱུད་ལྗོངས་ནང་ཁུལ་གྱི་གཙོ་རྒྱུན་སྨྱན་སྦྱོར་གྱིས་བརྙན་འཕྲིན་དང་ཚགས་པར་སོགས་བཀོད་པས་སྤྱི་ཚོགས་ཐོག་རྒྱ་ཁྱབ་ཀྱི་དོ་ཁུར་བྱུང་ཡོད།

    གཞི་རྟེན་མང་། 

    སྣ་མང་འཆར་གཞི་དོན་འཁྱོལ་བྱས། ཕན་འབྲས་མངོན་གསལ་དོད་པོ་ཐོན།

    “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་མཚམས་ཚིགས་གཉིས་པའི་རིང་། “ང་དང་ངའི་མེས་རྒྱལ”ཞེས་པའི་པར་རྒྱག་བྱེད་སྒོ་འདི་ཉིད་གཞིས་རྩེ་གྲོང་ཁྱེར་གྱི་རྫོང་དང་ཆུས་ཁག་གི་བཀྲག་མདངས་འཚེར་ས་ཞིག་ཏུ་གྱུར་ཡོད།

    ལས་ཁུངས་ཀྱི་ཚན་པ་ནས་ཁེ་ལས་ཀྱི་ཀུང་སི་བར་དང་། ཞིང་འབྲོག་ཁུལ་ནས་གྲོང་རྡལ་དང་སྡེ་ཁུལ་བར། དཔུང་སྡེ་ནས་སློབ་གྲྭ་བར་ལས་རིགས་ཁག་ནས་ཡོང་བའི་མི་རྣམས་མཉམ་འཛོམས་བྱས་ཏེ། བྱ་ཐབས་མྱུར་པོར་བརྟེན་ནས་མེས་རྒྱལ་ལ་བཅངས་བའི་བརྩེ་སེམས་མཚོན་པ་དང་། མེས་རྒྱལ་ལ་བསྟོད་གླུ་ལེན་པ། མེས་རྒྱལ་སྟོབས་ཆེན་འགྱུར་རྒྱུའི་སྨོན་འདུན་ཞུས་པ་དང་འབྲེལ་སྤྱི་ཚོགས་ཡོངས་ཀྱིས་དོ་ཁུར་ཆེན་པོ་བྱ་རྒྱུར་སྣེ་ཁྲིད་བྱས་ཡོད།

    དེ་ནི་བརྗེད་པར་དཀའ་བའི་ལོ་རྒྱུས་ཤིག་རེད། བྱེད་སྒོར་ཞུགས་པ་བརྒྱུད། ལྷ་རྩེ་རྫོང་སློབ་འབྲིང་གི་སློབ་མ་སྐལ་བཟང་གིས“ང་ཚོས་གླུ་གཞས་ལ་བརྟེན་ནས་སེམས་ཀྱི་འབོད་སྒྲ་མཚོན་པ་དང་མེས་རྒྱལ་དར་རྒྱས་གོང་འཕེལ་ཡོང་བའི་སྨོན་འདུན་ཞུས་ཡོད། དེ་དང་དུས་མཚུངས་ལོ་རྒྱུས་བློ་ལ་བརྟན་པོར་བཅངས་བ་དང་ད་ཆར་གཅེས་སྤྲས་བྱས་ཏེ་སློབ་སྦྱོང་ཡག་པོ་བྱེད་པ་དང་འཇོན་ཐང་ཡག་པོ་སྦྱངས་ནས་མེས་རྒྱལ་ལ་དྲིན་ལན་འཇལ་རྒྱུ་ཡིན”ཞེས་བརྗོད།

    ད་ཆ་གཞི་རིམ་གྱི་སྒྲོག་འགྲེལ་པས་གླུ་སྒྲ་དང་རོལ་དབྱངས་ལ་བརྟེན་ནས་ཞིང་འབྲོག་མང་ཚོགས་ཀྱི་དགོད་སྒྲ་དང་ཐལ་མོའི་རྡེབ་སྒྲ་ཐོབ་པར་བྱེད་ཀྱི་ཡོད། མིག་སྔར“མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན་བྱེད་པའི”བྱེད་སྒོའི་མཚམས་ཚིགས་རིང་། གཞིས་རྩེ་གྲོང་ཁྱེར་གྱིས་ལག་ལེན་གྱི་བྱེད་སྒོ་ཁག་9863སྤེལ་བ་དང་མང་ཚོགས་མི་ཐེངས་500984ཞུགས་པས་མང་ཚོགས་ཀྱིས་རྒྱལ་ཁབ་ལ་དགའ་ཞེན་བྱེད་པའི་སྤྲོ་སེམས་སྔར་བས་འཕེལ་ནས་མེས་རྒྱལ་གཅིག་གྱུར་དང་མི་རིཌ་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་མང་ཚོཌ་ཀྱི་རང་རྟོཌ་བསམ་པ་སྔར་བས་བརྟན་དུ་ཕྱིན་ཡོད།

    ཇུས་གཞི་འདིང་། 

    ཉམས་མྱོང་ཕྱོགས་སྡོམ་སྒྲིག་སྲོལ་བཟོས། ཡ་རབས་མི་བཟང་བརྩོན་ལེན་བྱེད།

    གཟའ་ཟླ་བའི་སྔ་དྲོའི་ཆུ་ཚོད་10པར་གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་ཀ་ལ་ཤང་སྲིད་གཞུང་ནང་ཡུལ་མི་ཚོས་གཟབ་མཆོར་ལེགས་པར་སྤྲས་ནས་སྐར་ལྔའི་དར་དམར་བསྒྲེངས་ཤིང་སྐད་གསང་མཐོན་པོས་རྒྱལ་གླུ་བླངས་པ་རེད།

    “མེས་རྒྱལ་གྱི་མཐའ་མཚམས་ས་ཁུལ་དུ་དེ་ནི་མང་ཚོགས་ཀྱི་རྒྱལ་གཅེས་སྤྲོ་སེམས་མཚོན་པར་བྱེད་པ་ཞིག་ཡིན”ཞེས་ཁང་དམར་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀ་ལ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཚེ་རིང་རྒོད་སྐྱེས་ཀྱིས་བརྗོད།

    “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་རིང་། གཞིས་རྩེ་གྲོང་ཁྱེར་གྱིས་དངོས་ཕན་དོན་གཉེར་དང་སྒྲིག་སྲོལ་ལམ་ལུགས་ཧུར་ཐག་བཙུགས་ཏེ། བྱེད་སྒོའི་ཁྲོད་ཀྱི་ཉམས་མྱོང་དང་བྱ་ཐབས་ཡག་པོ་ལམ་ལུགས་ཀྱི་རྣམ་པའི་ཐོག་ནས་གཏན་འཁེལ་བཟོས་ཏེ་མཐའ་འཁྱོངས་བྱ་རྒྱུར་མཐོང་ཆེན་བྱས་པ་དང་། དུས་ཐུང་གི་ཕན་ནུས་དོན་གཉེར་སྔོན་འགོག་བྱས་ནས་བཙུགས་པའི་ལམ་ལུགས་ཀྱིས་དངོས་སྒྲུབ་ཉེར་སྤྱོད་ཐུབ་པའི་འགན་ལེན་བྱས་ཡོད།

    དོན་དངོས་ལས་ར་སྤྲོད་བྱས་དོན། སྒྲོག་འགྲེལ་བརྒྱུད་གཞིས་རྩེ་གྲོང་ཁྱེར་གྱི་མི་རིགས་ཁག་གི་མང་ཚོགས་ཀྱི་སྲོག་ཤིང་གི་འདུ་ཤེས་དང་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པ་དང་། རྒྱལ་གཅེས་སྤྲོ་སེམས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། འཕེལ་རྒྱས་དང་ཕྱུག་འགྱུར་གྱི་འདུན་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། ཇོ་རིའི་འདབས་སུ་གནས་པའི་གཞིས་རྩེ་གྲོང་ཁྱེར་གྱིས་ལྷིང་འཇཌ་འཆམ་མཐུན་དང་། མི་རིཌ་མཐུན་སྒྲིལ། མེས་རྒྱལ་ལ་དགའ་ཞེན་བཅས་མཚོན་པའི་བསྟོད་གླུ་ལེན་བཞིན་མཆིས། 

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།