[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • ལྷ་ས་འབྲིང་རིམ་ཁྲིམས་ཁང་གིས་ནག་གཤེད་ཕྱོགས་གཏོགས་ཀྱི་ཉེས་གསོག་ཚོགས་པའི་གྱོད་གཞི་ཐོག་མར་བདག་སྤྲོད་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-04

    2018ལོའི་ཟླ་6ཚེས་21དང་ཚེས་22ཉིན། སི་ཏི་ཧྥུའུ་གཏེ་པོར་བྱས་པའི་ལི་ཧྲེང་དང་། ཀྲེན་ཧྥང་ཤིན། ཕེང་ཅིན་ཆོན་སོགས་ལས་གྲུབ་པའི་ནག་གཤེད་ཚོགས་པ་རྩ་མེད་བཟོ་ཆེད། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་ནག་གཤེད་གཞུང་དོན་ཁང་གིས་བསྟུད་མར་འབད་འཐབ་བྱས་པ་བརྒྱུད་ཚོགས་པ་དེའི་ཉེས་ཅན་གཏེ་པོ་མི་9བདེ་བླག་ངང་བཟུང་པ་རེད། ཞིབ་བཤེར་བྱས་པ་བརྒྱུད་ཚོགས་པ་དེས་དུས་ཡུན་རིང་པོའི་ནང་ལྷ་ས་དང་ཉིང་ཁྲི་སོགས་སུ་ཀུང་སི་འཛུགས་པའི་མིང་ཐོག་ནས་བསྙད་འདོགས་རྒྱུ་ལེན་དང་ཁྲིམས་དང་མི་མཐུན་པར་བཙན་བཀག་སོགས་ནག་གཤེད་ཕྱོགས་གཏོགས་ཀྱི་ཁྲིམས་འགལ་ཉེས་གསོག་སོགས་ཀྱི་ནག་གཤེད་ཕྱོགས་གཏོགས་ཀྱི་ཉེས་གསོག་བྱེད་སྤྱོད་མང་པོ་སྤེལ་ནས་སྤྱི་ཚོགས་ཀྱི་རྒྱུན་ལྡན་སྒྲིག་ལམ་ཟང་ཟིང་བཟོ་བ་ཤེས་པ་རེད།

    2019ལོའི་ཟླ་4ཚེས་29ཉིན་ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་སི་ཏི་ཧྥུའུ་སོགས་མི་དྲུག་གིས་བསྙད་བརྐོ་ཟིང་སློང་གི་ནག་ཉེས་དང་། ཁྲིམས་དང་མི་མཐུན་པར་བཙན་བཀག་གི་ནག་ཉེས། བསྙད་འདོགས་རྒྱུ་ལེན་གྱི་ནག་ཉེས་བཅས་ཀྱི་ནག་ཉེས་བསགས་པའི་ནག་གཤེད་ཕྱོགས་གཏོགས་ཀྱི་ཉེས་གསོག་ཚོགས་པའི་གྱོད་གཞི་ཞུ་གཏུག་རྒྱག་རྒྱུར་ཕུལ་ཡོད།

    ལྷ་ས་གྲོང་ཁྱེར་འབྲིང་རིམ་ཁྲིམས་ཁང་གིས་ཞིབ་བཤེར་གྱོད་ཐོ་བཀོད་པ་དང་འབྲེལ། ཉིན་དེ་རང་དུ་ཞུ་སྦྱོར་ཕྱི་མར་ཞུ་གཏུག་ཡི་གེའི་བུ་ཡིག་སྤྲད་ནས་ཞུ་སྦྱོར་ཕྱི་མར་མངགས་བཅོལ་དག་འབུད་བྱེད་དབང་ཡོད་པ་བཤད། གྱོད་གཞི་དེ་ལྷ་ས་གྲོང་ཁྱེར་འབྲིང་རིམ་ཁྲིམས་ཁང་གིས་ནག་སེལ་གཤེད་བཅོམ་དང་། ལོག་སེལ་ཟིང་བཅོས། འཆལ་རྡུང་ལོག་སེལ་བཅས་ཆེད་དོན་འཐབ་རྩོད་ལས་དོན་སྤེལ་བ་ནས་བཟུང་ནག་གཤེད་ཕྱོགས་གཏོགས་ཀྱི་ཉེས་གསོག་ཚོགས་པའི་གྱོད་གཞི་ཐོག་མར་བདག་སྤྲོད་བྱས་པ་ཞིག་རེད། ལྷ་ས་གྲོང་ཁྱེར་འབྲིང་རིམ་ཁྲིམས་ཁང་གིས་གྱོད་གཞི་དེའི་འདྲི་ཞིབ་ལ་མཐོང་ཆེན་པོ་བྱས་པ་དང་འབྲེལ་ཉེས་དོན་འདྲི་གཅོད་ཁྲིམས་ར་ནས་ཆེད་ལས་ཁྲིམས་དཔོན་གདན་དྲངས་ཏེ་མཉམ་གྲོས་ཁྲིམས་ར་བཙུགས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།