[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • གཞིས་རྩེ་གྲོང་ཁྱེར་གྱིས།

    ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་ཕྱོགས་སུ་སྤེལ་རྒྱུར་བཀོད་སྒྲིག་ཞིབ་ཚགས་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-25

     ཉེ་ཆར། གཞིས་རྩེ་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་ཀྱི་ནག་སེལ་གཤེད་བཅོམ་ལས་དོན་གྱི་བཀོད་སྒྲིག་ཚོགས་འདུ་འཚོགས་ནས་ཆེད་དོན་འཐབ་རྩོད་རྒྱུན་ཆད་མེད་པར་གཏིང་ཟབ་ཕྱོགས་སུ་སྤེལ་རྒྱུར་སྐུལ་འདེད་བཏང་བ་རེད།

    ཚོགས་འདུའི་ཐོག ད་ཐེངས་ཀྱི་ཀྲུང་དབྱང་གི་ལྟ་སྐུལ་མཛུབ་ཁྲིད་དེ་ཏང་གཤིས་ལ་ཞུན་བརྡར་དང་། དཔུང་ཁག་སྟོབས་ཆེར་གཏོང་བ། ཧེ་བག་འཚོལ་བ། ལས་དོན་གྱི་སྤུས་ཚད་མཐོར་གཏོང་བཅས་ཀྱི་གོ་སྐབས་སུ་བརྩིས་ནས་ནུས་ཤུགས་ཡོད་རྒུས་ཀྲུང་དབྱང་གི་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་ལས་དོན་ལ་རྒྱབ་སྐྱོར་དང་གཞོགས་འདེགས་བྱེད་དགོས་པ་དང་། ཁུངས་སྣེར་གྲལ་བཤེར་དང་ཞིབ་དཔྱད་བྱ་རྒྱུ་དེ་ནག་སེལ་གཤེད་བཅོམ་གྱི་ཚད་བརྒལ་ས་དང་ཤུགས་རྒྱག་སར་བརྩིས་ནས་བདེ་འཇགས་ཀྱི་ཟང་ཟིང་གནས་ཚུལ་ཐོན་བཟོ་ཡོད་སར་བརྟག་དཔྱད་མཐིལ་རྟོགས་ཡང་ཡང་བྱེད་པ་དང་གཙོ་གནད་ཁྱབ་ཁོངས་ལ་དམ་འཛིན་ནན་པོ་བྱེད་པ། གྲལ་བཤེར་ཕྱོགས་ཡོངས་ལ་ཁྱབ་པ་བཅས་བྱས་ཏེ་དུས་ཐོག་ཏུ་ཤེས་རྟོགས་དང་། ཞིབ་དཔྱད་གནད་འཕིགས་བྱས་ནས་དོན་རེ་རེ་བཞིན་ལ་གྲུབ་འབྲས་ཡོད་པ་བྱེད་དགོས་པ། “སྔ་ཙམ་དང་ཆུང་ས་ནས་རྡུང་རྡེག་གཏོང་བ”དང“རྡུང་རྡེག་གནད་འཕིགས་དང་ཏན་ཏིག་གཏོང་རྒྱུ”མཐའ་འཁྱོངས་དང་། གཙོ་གནད་ལ་བསྡིགས་ནས་གྱོད་གཞི་གཅིག་ཀྱང་མི་ལུས་པ་བྱེད་དགོས་པ། ནག་གཤེད་ཕྱོགས་གཏོགས་ཀྱི་རྒྱབ་རྩར་བརྟག་དཔྱད་གཏིང་ཟབ་བྱེད་པ་དང་། ནག་སེལ་གཤེད་བཅོམ་དང་རུལ་སུངས་ལ་རྡུང་རྡེག་གི་ལས་དོན་དུས་གཅིག་ཏུ་སྤེལ་བ། “གྱོད་གཞི་གཅིག་ལ་ཞིབ་བཤེར་གསུམ”དོན་འཁྱོལ་ནན་པོ་བྱེད་པ། སྒྲིག་ཁྲིམས་ནན་དུ་གཏོང་བ། དཔུང་ཁག་གཙང་མ་བཅས་བྱས་ཏེ་ད་ཐེངས་ཀྱི་ལྟ་སྐུལ་མཛུབ་ཁྲིད་ལ་ཕུལ་བྱུང་གི་རྒྱུགས་ལན་ཞིག་འབུལ་དགོས་པའི་བླང་བྱ་བཏོན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།