[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
 • ལྷ་ས་གྲོང་ཁྱེར་དུ་གཤེད་མ་དང་འབྲེལ་བ་ཡོད་པའི་གྱོད་གཞི་3གཞུང་གཏུག་བྱས་པ།

  ​ཁྲིམས་ལྟར་ཆད་པ་ནན་པོ་བཅད་དེ་གཤེད་མའི་སྟོབས་ཤུགས་ཀྱི་ཉེས་གསོག་ཚོགས་པ་དང་དེའི“རྒྱབ་རྩ”རྩ་མེད་བཟོས་པ།

 • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-09

  sunqq971.jpg

  ཟླ་7ཚེས་1ཉིན། “རི་སྤྱང་ཚོགས་པ”གཤེད་མའི་སྟོབས་ཤུགས་ཀྱི་ཉེས་གསོག་ཚོགས་པའི་གྱོད་གཞི་ཞིབ་དཔྱད་མཇུག་འགྲིལ་ཞིང་། ལྷ་ཆེ་གེ་མོ་སོགས་མི་7ལ་འཕྲོག་བཅོམ་གྱི་ཉེས་པ་དང་། བརྐུས་པའི་ཉེས་པ། རྐང་བཙུགས་ནས་གནོད་འཚེ་བཏང་བའི་ཉེས་པ། བསྙད་བརྐོ་ཟིང་སློང་གི་ཉེས་པ་སོགས་བསགས་པའི་དོགས་གཞི་ཡོད་རྐྱེན་གཞུང་གཏུག་བྱས་པ་རེད། དེ་དང་ཆབས་ཅིག་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་གཤེད་མ་དང་འབྲེལ་བའི་གྱོད་གཞི་གཞན་གཉིས་ལ་ཞིབ་དཔྱད་བྱས་ནས་ཉེས་གསོག་དོགས་ཅན་གྱིས་སྤྱི་ཚོགས་ཀྱི་རྒྱུན་གཏན་སྒྲིག་ལམ་ཟང་ཟིང་བཟོས་ནས་སྤྱི་ཚོགས་ཐོག་ཤུགས་རྐྱེན་ངན་པ་བཟོས་ཡོད་སྟབས། ཁྲེང་ཀོན་ཆུས་ཞིབ་དཔྱོད་ཁང་གིས་དེར་ཞུ་གཏུག་རྒྱག་པའི་ཐག་བཅད་པ་རེད། མཚམས་འདིར་སླེབ་སྐབས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཞིབ་དཔྱོད་ཁང་གིས་ཉེ་དུས་བདག་སྤྲོད་བྱས་པའི་གཤེད་མ་དང་འབྲེལ་བའི་གྱོད་གཞི་3ཚང་མ་ཁྲིམས་ཁང་ལ་ཞུ་གཏུག་བརྒྱབ་ཟིན་པ་རེད།

  གཤེད་མ་དང་འབྲེལ་བ་ཡོད་པའི་གྱོད་གཞིར་ཞིབ་དཔྱད་བྱས་ནས་གཤེད་མའི་སྟོབས་ཤུགས་ཀྱི་རྫིག་ཉམས་ཟིལ་གྱིས་མནན་པ།

  གསར་འགོད་པར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཞིབ་དཔྱོད་ཁང་ནས་ཤེས་རྟོགས་བྱུང་བར། ཟླ་7ཚེས་1ཉིན། “སྤྱང་ཚོགས”གཤེད་མའི་སྟོབས་ཤུགས་ཀྱི་ཉེས་གསོག་ཚོགས་པའི་གྱོད་གཞིར་ཞིབ་དཔྱད་མཇུག་འགྲིལ་བ་རེད། “སྤྱང་ཚོགས”ཀྱི་ཁོངས་མི་ལྷ་ཆེ་གེ་མོ་སོགས་མི་7གྱིས་2017ལོའི་ཟླ་11པ་ནས་བཟུང་ལྷ་སའི་དྲ་ཁང་དང་། ནང་མ་ཁང་། བོགས་གཏོང་ཁང་སོགས་སུ་འཕྲོག་བཅོམ་དང་། རྐུ་འཕྲོག རྐང་བཙུགས་ནས་གནོད་འཚེ་བཏང་བ། སྙད་བརྐོ་ཟིང་སློང་སོགས་ཀྱི་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་ཐེངས་མང་སྤེལ་ཡོད་པ་རེད། ལྷ་ཆེ་གེ་མོ་སོགས་མི་7ལ་འཕྲོག་བཅོམ་གྱི་ཉེས་པ་དང་། རྐུ་འཕྲོག་གི་ཉེས་པ། རྐང་བཙུགས་ནས་གནོད་འཚེ་བཏང་བའི་ཉེས་པ། སྙད་བརྐོ་ཟིང་སློང་གི་ཉེས་པ་སོགས་བསགས་པའི་དོགས་གཞི་ཡོད་རྐྱེན་གཞུང་གཏུག་བྱས་པ་རེད།

  མཚམས་འདིར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཞིབ་དཔྱོད་ཁང་གིས་ཉེ་ཆར་བདག་སྤྲོད་བྱས་པའི་གཤེད་མ་དང་འབྲེལ་བའི་གྱོད་གཞི་3པོ་ཚང་མ་ཁྲིམས་ཁང་ལ་ཞུ་གཏུག་བརྒྱབ་ནས་གཤེད་མའི་སྟོབས་ཤུགས་དང་གཤེད་མའི་སྟོབས་ཤུགས་ཀྱི་ཉེས་གསོག་ཚོགས་པ་མེད་པ་བཟོས་ཏེ་ཁོང་ཚོའི་རྫིག་ཉམས་ཟིལ་གྱིས་མནན་པ་རེད།

  དེ་དང་ཆབས་ཅིག་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་གཤེད་མ་དང་འབྲེལ་བའི་གྱོད་གཞི་གཞན་གཉིས་ལ་ཞིབ་དཔྱད་བྱས་རྗེས་ཀྲང་ཆེ་གེ་མོ་སོགས་མི་5པོས་2017ལོའི་ཟླ་10པ་ནས་བཟུང་ལྷ་ས་གྲོང་ཁྱེར་གྱི་ཇ་ཁང་ཐོག་བརྩེགས་མ་དང་གྲོང་མིའི་ཁུལ་ཆུང་སོགས་སུ་རྒྱན་འགྱེད་ར་བ་བཙུགས་པ་དང་ཁྲིམས་འགལ་ངང་མི་གཞན་བཀག་སྐྱིལ་བྱེད་པ་སོགས་ཀྱི་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་ཐེངས་མང་སྤེལ་ཡོད། ཚའེ་ཆེ་གེ་མོ་སོགས་མི་3གྱིས་2018ལོའི་ཟླ་10པ་ནས་བཟུང་རྒྱན་འགྱེད་དང་སྙད་བརྐོ་ཟིང་སློང་སོགས་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་ཐེངས་མང་སྤེལ་ཡོད་པ་རེད།

  མྱུར་དུ་བཟུང་བ་དང་མྱུར་དུ་ཞུ་གཏུག་བརྒྱབ་ནས་གཤེད་མའི་སྟོབས་ཤུགས་དང་དེའི་རྒྱབ་རྩ་མེད་པར་བཟོས་པ།

  གཤེད་མ་དང་འབྲེལ་བའི་གྱོད་གཞི་དེ་གསུམ་བདག་སྤྲོད་བྱེད་རིང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཞིབ་དཔྱོད་ཁང་ཏང་ཙུའུ་ཡིས་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་དང་། སྔོན་ལ་བཀོད་འདོམས། རང་འགུལ་ངང་སྙན་ཞུ་ཕུལ་བ། རང་ངོ་མས་མཐུན་སྦྱོར་བཅས་བྱས་ནས་གྱོད་སྒྲུབ་ཆེད་དོན་ཚོགས་ཆུང་གསུམ་གྱིས་ནག་སེལ་གཤེད་བཅོམ་དང་ལོག་སེལ་ཟིང་བཅོས་ཀྱི་ཆེད་དོན་འཐབ་རྩོད་ཀྱི་དགོངས་དོན་གྱི་མཛུབ་ཁྲིད་ལ་ནན་པོར་གཞིགས་ནས་འཐབ་རྩོད་ཀྱི་དོན་སྙིང་ངོས་འཛིན་གང་ལེགས་དང་། ལས་ཀའི་སྒྲིག་ཁྲིམས་ལག་བསྟར་ནན་པོ། རྡུང་རྡེག་གི་གཙོ་གནད་གནད་སྨིན་ངང་ཁོང་དུ་ཆུད་པ། གྱོད་གཞིའི་ཁུངས་སྣེ་སྔོག་འདོན་དང་ཞིབ་བཤེར་མཐིལ་རྟོགས་བཅས་བྱས་ནས་ཞིབ་དཔྱོད་ཀྱི་ལྷུ་ཚིགས་སུ་ཞིབ་བཤེར་གྱི་གོ་སྐབས་མི་ཤོར་བ་བྱས་པ་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་དོན་གཏུག་བཤེར་བཅའ་ཁྲིམས》འབྲེལ་ཡོད་ཀྱི་ཁྲིམས་འཛིན་འགྲེལ་བཤད་བཅས་ཀྱི་གཏན་འབེབས་ལ་ནན་པོར་གཞིགས་པ་དང“བརྟན་པོ་དང་། ཡང་དག ནན་པོ། མྱུར་པོ”བཅས་ཀྱི་གྱོད་སྒྲུབ་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ནས་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་པ་དང་མྱུར་དུ་འཛིན་བཟུང་དང་མྱུར་དུ་ཞུ་གཏུག་མཐའ་གཅིག་ཏུ་བརྒྱབ་ནས་གཤེད་མའི་སྟོབས་ཤུགས་དང་། གཤེད་མའི་སྟོབས་ཤུགས་ཀྱི་ཉེས་གསོག་ཚོགས་པ། དེའི“རྒྱབ་རྩ”བཅས་རྩ་མེད་བཟོས་ཏེ་མུ་མཐུད་བྱེད་སྤྱོད་སྤེལ་བའི་གོ་སྐབས་ཕྲན་བུ་ཙམ་ཡང་མི་སྤྲོད་པའི་བླང་བྱ་བཏོན་ཡོད།

  --    --

  འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།