[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས“ལག་བསྟར་བྱེད་དཀའ་བའི་གྱོད་གཞི་གཞི་རྩའི་ཆར་ཐག་གཅོད་བྱེད་པའི”གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ།

    ལྷ་ས་གྲོང་ཁྱེར་ཁྲིམས་ཁང་གིས་ལོ་3ནང་སྒོར་དུང་ཕྱུར་9ལག་བསྟར་དམིགས་འབྱོར་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-16

    ཉིན་ཤས་གོང་། ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ལྷ་ས་གྲོང་ཁྱེར་མི་དམངས་ཁྲིམས་ཁང་གི“ལག་བསྟར་བྱེད་དཀའ་བའི་གྱོད་གཞི་གཞི་རྩའི་ཆ་ནས་ཐག་གཅོད་བྱེད་པའི”ལས་དོན་གནས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད། ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའི་ཁོངས་མི་རྫོང་རིམ་པ་རྒན་པའི་འདྲི་གཅོད་པ་ཧྲང་ཡུང་ཡེ་དང་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ལག་བསྟར་ཅུས་ཀྱི་ཅུས་ཀྲང་གཞོན་པ་སྐལ་བཟང་སྒྲོལ་དཀར་གྱིས་ལྷ་ས་གྲོང་ཁྱེར་གྱི་རིམ་གཉིས་ཁྲིམས་ཁང་གིས“ལག་བསྟར་བྱེད་དཀའ་བའི་གྱོད་གཞི་གཞི་རྩའི་ཆ་ནས་ཐག་གཅོད་བྱེད་པའི”ལས་དོན་གནས་ཚུལ་གྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སྲིད་གྲོས་ཀྱི་ཨུ་ཡོན། སྲིད་གཙང་ལྟ་སྐུལ་པ། གསར་འགྱུར་སྨྱན་སྦྱོར་བཅས་ལ་ངོ་སྤྲོད་ཞིབ་ཕྲ་བྱས་པ་རེད།

    ཕན་འབྲས་མངོན་གསལ་དོད་པ། ལོ་གསུམ་ལྷག་ཙམ་ནང་གྱོད་གཞི་8201ཐག་བཅད་པ།

    ཧྲང་ཡུང་ཡེས་ཡོངས་བསྒྲགས་ཚོགས་འདུའི་ཐོག་ངོ་སྤྲོད་བྱས་དོན། 2016ལོའི་ཟླ་དང་པོ་ནས་2019ལོའི་ཟླ་6ཚེས་27ཉིན་བར་ལྷ་ས་གྲོང་ཁྱེར་ཁྲིམས་ཁང་གིས་ཐོག་མའི་ལག་བསྟར་གྱོད་གཞི་8351དང་། ལག་བསྟར་སླར་གསོའི་གྱོད་གཞི་529 འགན་སྲུང་གྱོད་གཞི་375 འདྲི་གཅོད་གྱོད་གཞི་136བཅས་ཁྱོན་བསྡོམས་གྱོད་གཞི་9391བདག་སྤྲོད་བྱས་པ་དེས་ལྗོངས་ཡོངས་ཀྱི་ལག་བསྟར་གྱོད་གཞིའི་བསྡོམས་འབོར་གྱི་44.32%ཟིན་པ་དང་། གྱོད་གཞི་8201ཐག་བཅད་ནས་ཕྱོགས་བསྡུས་གྱོད་ཐག་གཅོད་ཚད་87.3%ཟིན་པ་དང་ལག་བསྟར་དམིགས་འབྱོར་མ་དངུལ་སྒོར་དུང་ཕྱུར་9ལྷག་ཙམ་ཟིན་ཡོད། ལོ་ལྟར་ནོར་སྲིད་ནས་ལག་བསྟར་ཆོག་པའི་གྱོད་གཞི་དག་ཁྲིམས་གཏན་འཁེལ་བའི་དུས་བཀག་ནང་དངོས་སུ་གྱོད་ཐག་གཅོད་ཚད་97.8%དང་། 97.96% 93.33%བཅས་སོ་སོར་ཟིན་པ་དང་། 2018ལོར་མཇུག་སྒྲིལ་གྱོད་གཞི་ཚད་ལོན་ཚད་92.56%ཟིན་པ། ཡིག་བསྐུར་ངོ་བཅར་བྱས་ནས་གྱོད་སྒྲུབ་དང་འདུམ་འགྲིག་བྱེད་ཚད་100%ཟིན་པ་བཅས་རེད།

    ལོ་གསུམ་ལྷག་ཙམ་འབད་བརྩོན་བྱས་པ་བརྒྱུད། 2018ལོའི་ཟླ་10པར་རྒྱལ་ཡོངས་ཀྱི་ཕྱོགས་གསུམ་པའི་ཚོད་སྐོར་ཞིབ་དཔྱད་བྱས་རྗེས། ལྷ་ས་གྲོང་ཁྱེར་ཁྲིམས་ཁང་གི་ལས་དོན་ལག་བསྟར་གྱི་དཔྱད་ཞིབ་སྡོམ་ཚིག་ནི“ལྷ་སའི་ཁྲིམས་ཁང་གིས་ལམ་ལུགས་འཛུགས་སྐྱོང་དང་། བྱ་སྤྱོད་ཚད་ལྡན། ལག་བསྟར་ཡོངས་བསྒྲགས། སྤུས་ཚད་དང་ལས་ཆོད་བཅས་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས་ལག་བསྟར་བྱེད་དཀའ་བའི་གྱོད་གཞི་གཞི་རྩའི་ཆ་ནས་ཐག་གཅོད་ཐུབ་པའི་ས་ཁུལ་གྱི་ཁོངས་གཏོགས་པ་དང་ལྟེ་བའི་སྟོན་གྲངས་ཁ་ཤས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་སྔོན་གཏན་འཁེལ་བའི་བླང་བྱ་དང་མཐུན་ཡོད”ཅེས་པ་དེ་རེད།

    sunqq972_s.jpg

    ཆད་པ་གཅོད་ཤུགས་ཆེ་རུ་བཏང་བ། འཛད་སྤྱོད་མཐོ་པོ་2739བཀག་སྡོམ་བྱས་པ།

    ཧྲང་ཡུང་ཡེས་ངོ་སྤྲོད་བྱས་པར། མིག་སྔར་ལྷ་ས་གྲོང་ཁྱེར་ཁྲིམས་ཁང་གིས་ཐའོ་པའོ་ཁྲིམས་འཛིན་ཧབ་ཚོང་ལས་སྟེགས་ནང་ཞུགས་ཟིན་པ་དང་དྲ་ཐོག་ཧབ་ཚོང་ནང་ཁྲིམས་ཁང་ཞུགས་ཚད་100%ཟིན་ཡོད། 2019ལོར་ལྷ་ས་གྲོང་ཁྱེར་འབྲིང་རིམ་ཁྲིམས་ཁང་གི་ཁྲིམས་འཛིན་དྲ་རྒྱའི་ཧབ་ཚོང་ལ་དྲ་རྒྱའི་ཧབ་ཚོང་ལས་སྟེགས་ཀྱི་དྲ་ཐོག་ཉོ་ཚོང་དང་ཕྱོགས་གསུམ་པའི་སྒྲིག་གཞི་དྲངས་པའི་དྲ་ཕྱིའི་ཞབས་ཞུའི་ཁྲིམས་འཛིན་གྱི་དྲ་རྒྱའི་ཧབ་ཚོང་གི་རྣམ་པ་གསར་པ་མངོན་འགྱུར་བྱུང་ཡོད་ལ། ཁྲིམས་འཛིན་གྱི་དྲ་རྒྱའི་ཧབ་ཚོང་གིས་དྲ་ཐོག་དང་དྲ་ཕྱིར་ཞབས་ཞུ་བྱེད་པའི་མཉམ་འདྲེས་གཏིང་ཟབ་དང་གསར་གཏོད་མངོན་འགྱུར་ཡང་བྱུང་ཡོད། བྱེད་ཐབས་དེས་སྲོལ་རྒྱུན་གྱི་ཧབ་ཚོང་བྱེད་ཐབས་ལ་གནས་པའི་ཞན་ཆ་མང་པོ་ཁྱད་བསད་བྱས་ཏེ་རྒྱུ་ནོར་དངུལ་སྨར་ལ་འགྱུར་བའི་དཀའ་གནད་ནུས་ལྡན་ངང་བསལ་བ་རེད།

    2016ལོ་ཚུན། ལྷ་ས་གྲོང་ཁྱེར་ཁྲིམས་ཁང་གིས་ཧབ་ཚོང་བྱེད་པའི་དངོས་པོ་77ཡོད་པ་དེ་དག་བཙོངས་ཚད་65.2%ཟིན་པ་དང་། བཙོངས་དངུལ་སྒོར་ཁྲི་1600ལྷག་ཟིན་པ། རིན་གོང་འཕར་དྲགས་ཚད་7.3%བཅས་ཟིན་ནས་དོ་བདག་ལ་བར་ཁེ་སྒོར་ཁྲི་71.52གྲོན་ཆུང་ཐུབ་ཡོད། 2019ལོར་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཕྱོགས་གསུམ་པའི་སྒྲིག་གཞི་གདན་དྲངས་ནས་དྲ་རྒྱའི་ཧབ་ཚོང་ལ་གཞོགས་འདེགས་བྱེད་པའི་ལས་དོན་སྤེལ་ཚུན། རིམ་རྩིས་བྱས་ན་དངོས་པོ་22ཧབ་ཚོང་བྱས་པ་དེ་དག་གི་བཙོངས་དངུལ་སྒོར་ཁྲི་885.5ཟིན་པ་དང་རིན་གོང་འཕར་དྲགས་ཚད་12.56%ཟིན་ནས་དུས་མཚུངས་ལས་བརྒྱ་ཆའི་གྲངས་5.2འཕར་ཡོད།

    དེ་དང་ཆབས་ཅིག ལྷ་ས་གྲོང་ཁྱེར་ཁྲིམས་ཁང་གྱིས་ལག་ལེན་བསྟར་ཡུལ་གྱི་ཁ་དན་ཚིག་ལ་མ་གནས་པར་ཆད་པ་གཅོད་ཤུགས་ཆེ་རུ་བཏང་ནས་ཁ་དན་ཚིག་ལ་མ་གནས་པའི་མིང་རང་འགུལ་ངང་མ་ལག་ནང་བཅུག་པ་དང་ཆབས་ཅིག ལྷ་ས་གྲོང་ཁྱེར་ཤེས་དཔལ་སྲོལ་གཏོད་གཞུང་དོན་ཁང་དང་། ལྷ་ས་གྲོང་ཁྱེར་དངུལ་རྩ་གཞུང་དོན་ཁང་། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས། ལྷ་ས་གྲོང་ཁྱེར་ཁྲོམ་རའི་ཉོ་ཚོང་ལྟེ་གནས་སོགས་ཚན་པར་བསྐྱལ་ནས་ཁ་དན་ཚིག་ལ་མ་གནས་པའི་ལག་བསྟར་བྱ་ཡུལ་གྱི་འགྲོ་སྐྱོད་དང་། ་དངུལ་བུན་གཡར་བ། མ་རྩ་མཉམ་འདྲེས། མ་འཇོག འོས་སྐུལ་འོས་དཔོད། ལས་འགན་ལེན་པ་སོགས་ཀྱི་བྱེད་སྒོར་ཚད་བཀག་བཟོས་ཡོད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།