[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • ལྷ་རི་རྫོང་ཁྲིམས་ཁང་དང་རིན་སྤུངས་རྫོང་སྤྱི་བདེ་ཅུས་ཀྱིས་མཉམ་འབྲེལ་ཐོག

    ཁ་དན་ཚིག་ལ་མ་གནས་མཁན་འཛིན་བཟུང་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-20

    ཉེ་ཆར། ལྷ་རི་རྫོང་མི་དམངས་ཁྲིམས་ཁང་ལ་གཞིས་རྩེ་གྲོང་ཁྱེར་ཉེན་རྟོག་ཕྱོགས་ཀྱི་ཁ་པར་འབྱོར་རྗེས། འཕྲལ་མར་ལག་བསྟར་ལས་བྱེད་ཉེན་རྟོག་པ་ཡེ་ཤེས་དབང་ཕྱུག་སོགས་ལས་བྱེད་ཉེན་རྟོག་པ་གསུམ། གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་བྱེ་བ་ཤང་ཞིབ་བཤེར་ས་ཚིགས་སུ་མངགས་ནས་ལག་བསྟར་བྱ་ཡུལ་ཆོས་ཆེ་གོ་མོ་ལེན་པར་བཏང་བ་རེད། དེ་ནི་ལྷ་རི་རྫོང་མི་དམངས་ཁྲིམས་ཁང་དང་སྤྱི་བདེ་ལས་ཁུངས་ཀྱིས་མཉམ་འབྲེལ་ཐོག་ཁ་དན་ཚིག་ལ་མ་གནས་མཁན་མང་པོ་ཞིག་བཟུང་བའི་བྱ་སྤྱོད་ནང་གི་ཆ་ཤས་ཤིག་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2014ལོར་བྱམས་ཆེ་གེ་མོ་དང་ཆོས་ཆེ་གེ་མོས་བསྟན་ཆེ་གེ་མོ་དང་མཱ་ཆེ་གེ་མོའི་ས་ནས་སྒོར་ཁྲི་18གཡར་བ་དང་། ལྷ་རི་རྫོང་མི་དམངས་ཁྲིམས་ཁང་གིས་ཁྲུན་ཐག་བཅད་ཀྱང་ད་དུང་ལག་བསྟར་མ་བྱས་ཁར་ལག་བསྟར་ལ་གཡོལ་བ་མ་ཟད། རྒྱུ་ནོར་གནས་ཚུལ་ཡང་སྙན་སེང་ཞུས་མེད། ལག་བསྟར་ལས་བྱེད་ཉེན་རྟོག་པས་ཐེངས་མང་བཙལ་ཀྱང་ཆོས་ཆེ་གེ་མོ་དང་བྱམས་ཆེ་གེ་མོ་མ་རྙེད་སྟབས། ལྷ་རི་རྫོང་མི་དམངས་ཁྲིམས་ཁང་གིས་བཀག་ཉར་བྱ་རྒྱུའི་ཐག་བཅད་པ་དང་འབྲེལ། སྤྱི་བདེ་ཅུས་ལ་མཉམ་དུ་ལག་བསྟར་བྱ་རྒྱུའི་རེ་ཞུ་བྱས་པ་རེད།

    ལག་བསྟར་བྱ་ཡུལ་གྱི་མི་སྣ་རྙེད་དཀའ་བའི་གནད་དོན་ཐག་གཅོད་བྱ་ཆེད། ལྷ་རི་རྫོང་མི་དམངས་ཁྲིམས་ཁང་གིས་སྤྱི་བདེ་ལས་ཁུངས་དང་མཐུན་སྦྱོར་འབྲེལ་གཏུག་ཧུར་ཐག་བྱས་ཏེ། སྤྱི་བདེ་ལས་ཁུངས་ནས་རྒྱབ་སྐྱོར་དང་མཉམ་ལས་བྱ་རྒྱུའི་བརྩོན་ལེན་བྱས་ཤིང་། ཆ་འཕྲིན་མཉམ་སྤྱོད་ཀྱི་ལམ་སྲོལ་བཙུགས་ནས་སྤྱི་བདེ་ལས་ཁུངས་ཀྱི་གྲངས་གཞི་ཆེན་མོའི་མ་ལག་སྤྱད་དེ། ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ལ་ལག་བསྟར་བྱ་ཡུལ་གྱི་མི་སྣ་འཚོལ་རོགས་དང་འཛིན་རོགས་བྱ་རྒྱུའི་རེ་བ་བཏོན་པ་རེད།

    ཉེ་ཆར། ཆོས་ཆེ་གེ་མོ་ལྷ་ས་ནས་ཐོན་ཏེ་བྱེ་བ་ཤང་དུ་སྐྱོད་སྐབས་བྱེ་བ་ཤང་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་བཟུང་བ་རེད། ཉེན་རྟོག་ཕྱོགས་ཀྱི་ཉེན་བརྡ་འབྱོར་རྗེས། ལྷ་རི་རྫོང་མི་དམངས་ཁྲིམས་ཁང་ལག་བསྟར་ཅུས་ཀྱི་ལས་བྱེད་ཉེན་རྟོག་པ་འཕྲལ་མར་ས་གནས་དེར་བསྐྱོད་ནས། ཆོས་ཆེ་གེ་མོར་འདྲི་རྩད་བྱས་པ་བརྒྱུད། ཉིང་ཁྲིར་ཡོད་པའི་བྱམས་ཆེ་གེ་མོ་ཡང་བཟུང་བ་མ་ཟད། ལག་བསྟར་བྱ་ཡུལ་མི་སྣས་རང་འགུལ་ངང་ལག་བསྟར་དངུལ་སྒོར་ཁྲི་18སྤྲད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།