[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • ཉེན་རྟོག་ཕྱོགས་ཀྱིས་ཡུལ་སྐོར་ལས་དོན་ཁང་ཞིག་གི་སྒོ་གཅོག་མཁན་དོགས་ཅན་མྱུར་དུ་བཟུང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-20

    ཁོངས་གཏོཌ་ཁུལ་གྱི་བདེ་འཇཌ་སྒྲིག་ལམ་རྒྱུན་མཐུད་བརྟན་པོ་ཡོང་བ་དང་། མང་ཚོགས་ཀྱི་བདེ་འཇཌ་ཚོར་སེམས་དང་བློ་ཡིད་ཚིམ་ཚད་སྔར་བས་མཐོ་རུ་གཏོང་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྤྱི་བདེ་ཅུས་ཀྱིས་ཁོངས་གཏོགས་ཁུལ་གྱི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་ཤུགས་རྒྱུན་མཐུད་ཆེ་རུ་བཏང་ནས། ཁྲིམས་འགལ་མི་སྣའི་ཉེས་གསོག་བྱ་ཡུལ་ཕྱོགས་ཡོངས་ནས་ཆུང་དུ་བཏང་བ་རེད།

    ཉིན་ཤས་གོང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྤྱི་བདེ་ཅུས་གླིང་ཕྲན་གཉིས་མངགས་གཏོང་ཁང་ལ། “ཁོངས་གཏོགས་ཁུལ་གྱི་ཕྱོགས་ཐོན་ཡུལ་སྐོར་ལས་དོན་ཁང་ཞིག་གི་སྒོ་བཅགས་འདུག་པས་ཞིབ་བཤེར་ཐག་གཅོད་གནང་རོགས”ཞེས་པའི་སྙན་སེང་འབྱོར། སྙན་སེང་འབྱོར་རྗེས་མི་དམངས་ཉེན་རྟོག་པས་འཕྲལ་དུ་ས་ཆ་དངོས་སུ་བརྟག་དཔྱད་དཔང་ལེན་བྱེད་པར་བསྐྱོད། མྱུལ་ཞིབ་དོ་ནན་བྱས་པ་བརྒྱུད། དེ་ཉིན་སྔ་དྲོ་རྐུ་རྒྱག་དོགས་ཅན་མཱ་ཆེ་གེ་མོ་བདེ་བླག་ངང་བཟུང་བ་དང་བརྐུས་དངོས་ཚུར་བླངས་ཡོད།

    འདྲི་རྩད་བྱས་པ་བརྒྱུད། མཱ་ཆེ་གེ་མོས་ཡུལ་སྐོར་ལས་དོན་ཁང་ལ་རྐུ་བརྒྱབ་པའི་ཁྲིམས་འགལ་བྱེད་སྤྱོད་ཇི་མ་ཇི་བཞིན་ཁས་བླངས་པ་དང་། གཞན་ཡང་། ད་ལོའི་ཟླ་6པ་ནས་7པའི་བར། ཁོངས་གཏོགས་ཁུལ་གྱི་སྒོ་རྩིས་ཚོང་ཁང་ཆེ་གྲས་དང་། ཚོང་ར། སློབ་གྲྭ་སོགས་སུ་ཁྱོན་རྐུ་མ་ཐེངས་16བརྒྱབ་པ་ཤེས་རྟོགས་བྱུང་། མིག་སྔར། གླིང་ཕྲན་གཉིས་མངགས་གཏོང་ཁང་གིས་གྱོད་གཞི་དེ་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་ལ་སྔར་བས་ཐག་གཅོད་བྱ་རྒྱུར་རྩིས་སྤྲད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།