[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།>དེ་རིང་གི་གཞི་རྩའི་གྱོད་གཞི།
  • ནག་ཆུ་ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གྱོད་དོན་ཐོ་འགོད་ཁང་གིས་སྐར་ཁུང་ཞབས་ཞུའི་འཇོན་ཐང་ཆེ་རུ་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-02

    2017ལོ་ཤར་ཚུན། ནག་ཆུ་ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གྱོད་དོན་ཐོ་འགོད་ཁང་གིས་སྤྱི་ཚོགས་དོ་དམ་བྱེད་སྟངས་གསར་གཏོད་བྱ་རྒྱུ་དང་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་རྒྱུ་གཉིས་གྱོད་དོན་ཐོ་འགོད་ཀྱི་ལག་ལེན་ནང་བཅུག་ནས་གྱོད་དོན་ཐོ་འགོད་ཞིབ་བཤེར་དང་། འབྲེལ་མཐུད། གྱོད་དོན་ཐོ་འགོད་བར་འདུམ། བཅར་འདྲི་དང་ལེན། བློ་འདྲི། གཏུག་བཤེར་བསྐྱར་བཤེར་སོགས་ཀྱི་ཞབས་ཞུའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད་པ་རེད།

    མིག་སྔའི་བར། ནག་ཆུ་ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གྱོད་དོན་ཐོ་འགོད་ཁང་གིས་གྱོད་གཞི་གསར་པ་131རྩིས་བླངས་པའི་ནང་དམངས་དོན་གྱོད་གཞི་100དང་། ཉེས་དོན་གྱོད་གཞི་15 སྲིད་འཛིན་གྱོད་གཞི་5 ལག་བསྟར་གྱོད་གཞི་8 བདག་ཁོངས་གྱོད་གཞི་3བཅས་བདག་སྤྲོད་བྱས་པ་དང་། གནད་བསྡུས་ཆ་འཕྲིན་11སྤེལ་བ། དམངས་དོན་གྱོད་གཞི་7ཐོ་འགོད་འདུམ་འགྲིག་བྱས་པ། གཏུག་བཤེར་བསྐྱར་ཞིབ་4བྱས་པ། མི་ཐེངས་421གི་བློ་འདྲི་དང་ལེན་བྱས་པ་བཅས་ཀྱི་ཐོག་ནས་འདྲི་གཅོད་དང་ལག་བསྟར་ལས་དོན་ཁག་བགོས་ཀྱིས་གནོན་ཤུགས་ཆུང་དུ་གཏོང་ཕྱིར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།