[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།>ཁྲིམས་རྩོད་པའི་དཔྱད་བརྗོད།
  • གྱོད་དོན་ལ་རྩད་གཅོད་དང་རྡུང་རྡེག་བཏང་ནས་མང་ཚོགས་ཀྱི་བདེ་སྐྱིད་འགན་ལེན་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-09

    fffzzz10_s.jpg

    ཐར་ས་མེད།

    88_s.jpg

    ཚུར་འཁྱེར་ཤོག གྲོགས་པོ།

    གསར་འགོད་པར་ཉེ་ཆར་འཚོགས་པའི་ལྷ་ས་གྲོང་ཁྱེར་གྱི“རྡུང་རྡེག་གསུམ་དང་བཅོས་སྒྲིག་གཅིག”གི་ཆེད་དོན་བྱ་སྤྱོད་སྐུལ་སྤེལ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཉེ་དུས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་གཙོ་རྒོལ་བྱེད་ས་ལེགས་སྒྲིག་དང་། འགག་སྒྲོལ་དཀའ་སེལ། བྱ་ཐབས་ནན་པོ་ལག་བསྟར། རྡུང་རྡེག་དང་། བཅོས་སྒྲིག བཅོས་སྐྱོང་བཅས་མཉམ་དུ་སྤེལ་བས། གྱོད་དོན་རྩད་ཆོད་ཐུབ་ཚད་མཐོ་རུ་ཕྱིན་པ་དང་ཆེད་དོན་བྱ་སྤྱོད་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

    རྐུ་མ་དང་ཁ་བསླུས་ཀྱི་ཉེས་གསོག་ལ་རྡུང་རྡེག་བཏང་ནས་མི་དམངས་ལ་བདེ་སྐྱིད་སྐྲུན་པ།

    ཟླ་12ཚེས་23ཉིན། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྤྱི་བདེ་ཅུས་བཅིངས་འགྲོལ་ནུབ་ལམ་མངགས་གཏོང་ཁང་གིས་མུ་འབྲེལ་རྐུ་རྒྱག་གྱོད་གཞི་ཞིག་རྩད་ཆོད་ནས་བསྟན་ཆེ་གེ་མོ་སོགས་ཉེས་གསོག་དོགས་ཅན་7བཟུང་པ་རེད།

    རྩད་ཞིབ་བྱས་པ་བརྒྱུད། 2017ལོའི་ཟླ་9པ་ནས་བཟུང་བསྟན་ཆེ་གེ་མོ་སོགས་ཉེས་གསོག་དོགས་ཅན་བདུན་པོས་རླངས་འཁོར་3དང་། གློག་སྒུལ་འཁོར་རིགས་9 སྦག་སྦག་1 ལག་ཐོགས་ཁ་པར་8 དངུལ་སྨར་སྒོར་3700ལྷག་ཙམ་བཅས་རྐུ་མ་ཐེངས་20ལྷག་ཙམ་བརྐུས་ཡོད། མིག་སྔར་བསྟན་ཆེ་གེ་མོ་སོགས་ཉེས་གསོག་དོགས་ཅན་བདུན་པོ་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་ལ་སྔར་བས་རྩད་གཅོད་བྱ་རྒྱུར་རྩིས་སྤྲད་པ་དང་ཉེན་རྟོག་ཕྱོགས་ཀྱིས་རྐུ་ཤོར་བའི་རླངས་འཁོར་2དང་སྦག་སྦག་གཅིག་ཚུར་བླངས་པ་རེད།

    གློག་འཕྲིན་དྲ་རྒྱའི་ཁ་བསླུས་ལ་རྡུང་རྡེག་བཏང་ནས་མང་ཚོགས་ཀྱི་ཡིད་རྟོན་སྲུང་སྐྱོང་བྱེད་པ།

    ཟླ་11ཚེས་14ཉིན་གྲོང་མི་ཏུང་ཆེ་གེ་མོའི་དངུལ་ཁང་གཱ་ཡི་རྩིས་ཁྲར་ཁ་བསླུས་ཤོར་བའི་དངུལ་སྒོར་ཁྲི་20ལག་འབྱོར་བྱུང་ཡོད།

    “ཁ་བསླུས་ཤོར་བའི་དངུལ་ཚང་མ་རག་བྱུང་བས་སེམས་ཧ་ཅང་སྐྱིད་པོ་འདུག” 2017ལོའི་ཟླ་8པའི་ཟླ་མཇུག་ཏུ་ཏུང་ཆེ་གེ་མོར་ཆ་རྒྱུས་མེད་པའི་ཁ་པར་ཨང་གྲངས་ཤིག་གི་འཕྲིན་ཐུང་འབྱོར་བ་དང་ཕ་རོལ་ཕྱོགས་ཀྱིས་ང་ནི་ཁྱེད་ཀྱི་གྲོགས་པོ་ཡིན། གྲོགས་པོ་གཞན་ཞིག་ལ་དངུལ་རྩིས་ཁོངས་སྒྱུར་བདེ་པོ་མེད་པས་ཁྱེད་ཀྱིས་རྩིས་ཁྲ་དེར་སྒོར་ཁྲི་20སྒྱུར་རོགས་ཞེས་བཤད་ནས་རྩིས་ཁོངས་སྒྱུར་རྗེས་ཏུང་ཆེ་གེ་མོའི“གྲོགས་པོ”དེས་ཁོང་ལ་འབྲེལ་བ་ཐེངས་གཅིག་ཀྱང་བྱས་མེད།

    གྱོད་དོན་སྙན་ཞུ་འབྱོར་རྗེས་ལྷ་ས་གྲོང་ཁྱེར་ཁ་བསླུས་འགོག་རྒོལ་ལྟེ་གནས་ཀྱི་ལས་དོན་མི་སྣས་བརྟག་དཔྱད་དཔང་ལེན་བྱས་པ་དང་འབྲེལ་འཕྲལ་དུ་གྱོད་འབྲེལ་རྩིས་ཁྲའི་མ་དངུལ་བསྡམས་བཅད་བྱས། ཟླ་11ཚེས་14ཉིན་ཁ་བསླུས་འགོག་རྒོལ་ལྟེ་གནས་ཀྱི་ལས་དོན་མི་སྣས་ཁྲིམས་བཞིན་ཏུང་ཆེ་གེ་མོའི་ཁ་བསླུས་ཤོར་བའི་སྒོར་ཁྲི་20ཕྱིར་སྤྲད་པ་རེད།

    དེ་དང་འདྲ་བའི་གློག་འཕྲིན་ཁ་བསླུས་མང་པོ་ཐོན་ཡོད། ཟླ་9ཚེས་14ཉིན་ལྷ་སའི་ཉེན་རྟོག་པ་ཕྱོགས་ཀྱིས་ཁ་བསླུས་ཀྱི་དོགས་ཡོད་མི་སྣ་ཞུང་ཆེ་གེ་མོ་བཟུང་ཡོད། རྩད་ཞིབ་བྱས་པ་བརྒྱུད། 2016ལོ་ནས་བཟུང་ཉེས་གསོག་དོགས་ཅན་ཞུང་ཆེ་གེ་མོས་སྐད་འཕྲིན་སྤྱད་དེ་ཉེ་འགྲམ་གྱི་མི་གྲོགས་ཚོགས་ནང་བཅུག་ནས་ལག་ཐོགས་ཁ་པར་ཨང་གྲངས་དང་། ཁ་ལོ་བའི་ལག་ཁྱེར། འཁོར་བྱང་སོགས་ཚབ་སྒྲུབ་ལ་ཁ་གཡར་ནས་ལྷ་སར་སྔ་རྗེས་སུ་ཁ་བསླུས་ཐེངས་6བརྒྱབ་པ་དང་གྱོད་འབྲེལ་མ་དངུལ་སྒོར་ཁྲི་20ལྷག་ཙམ་ཟིན་ཡོད་པ་རེད།


    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།