[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ལྷ་སའི་སྤྱི་བདེ་མེ་ཟོན་ཉིང་ལག་རུ་ཁག་གིས་མཚན་བཤེར་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-02

    དགུན་དཔྱིད་ཀྱི་མེ་སྐྱོན་འགོག་སྲུང་ལས་དོན་ལ་སྐུལ་མ་གཏིང་ཟབ་བཏང་ནས་དུས་ཆེན་རིང་སྤྱི་ཚོགས་ཀྱི་མེ་སྐྱོན་འགོག་སྲུང་ལས་དོན་གྱི་རྨང་གཞི་བརྟན་དུ་གཏོང་ཆེད། 2017ལོའི་ཟླ་12ཚེས་24ཉིན་གྱི་མཚན་མོར་ལྷ་ས་གྲོང་ཁྱེར་སྤྱི་བདེ་མེ་ཟོན་ཉིང་ལག་རུ་ཁག་གྲོང་ཁྱེར་ཡོངས་ཀྱི་ཚན་པ་ཁག་ཏུ་བསྐྱོད་ནས་མཚན་མོར་མེ་ཟོན་བདེ་འཇགས་ཀྱི་ཞིབ་བཤེར་དང་སྐོར་བཤེར་བྱས་ཏེ་གྲོང་ཁྱེར་གྱི་མེ་སྐྱོན་བདེ་འཇགས་ལ་སྲུང་སྐྱོང་གང་ལེགས་བྱས་པ་རེད།

    ད་རེས་ཀྱི་མཚན་མོའི་ཞིབ་བཤེར་ཐད་བརྡ་མི་གཏོང་བ་དང་། ཟུར་བཤེར། འཕྲལ་རྒོལ་ཞིབ་བཤེར་བཅས་བྱས་ཤིང་། གླུ་གར་རོལ་རྩེད་ཁང་དང་། གཟུགས་པོ་འཁྲུད་ས། གསོལ་མགྲོན་ཁང་། འབར་གས་ཐོན་ཉེན་ཆེ་ས། ཕྱོགས་བསྡུས་སྒྲིག་གཞི་ཆེ་གྲས་སོགས་བྱེད་སྒོ་སྤེལ་ཡུལ་ཚན་པར་བསྐྱོད་ནས“ཁུག་ཀྱོག་གཅིག་ཀྱང་མི་ལུས་པའི”རྩ་དོན་གཞིར་བཟུང་ཚན་པ་ཁག་གི་མེ་ཟོན་བདེ་འཇགས་དོ་དམ་པ་དང་། ལས་བྱ། མེ་ཟོན་ཚོད་འཛིན་ཁང་གི་ལས་སྒྲུབ་པ་སོགས་ལས་གནས་སུ་ཡོད་མེད་དང་། བདེ་འཇགས་ཐོན་སྒོ་དང་ཁ་འགྲེམ་ལམ་བུ་ཤར་གཏོང་ཐུབ་མིན། མེ་ཟོན་སྐོར་བཤེར་དོན་འཁྱོལ་བྱས་ཡོད་མེད། མེ་ཟོན་སྒྲིག་ཆས་ལ་སྐྱོན་ཡོད་མེད། མེ་གློག་སྣུམ་རླངས་སྤྱོད་པའི་བདེ་འཇགས་དོ་དམ་གནད་ལ་འཁྱོལ་ཡོད་མེད། མེ་ཟོན་བདེ་འཇགས་ཀྱི“ནུས་པ་ཁག་བཞི”འཛུགས་སྐྱོང་ཚད་ལོན་མིན་སོགས་ལ་ཕྱོགས་ཡོངས་ནས་མཐིལ་རྟོགས་གྲལ་བཤེར་བྱས་པ་རེད།

    ཤེས་རྟོཌ་བྱས་པ་ལྟར་ན། མཚན་བཤེར་ནང་ལྷ་ས་གྲོང་ཁྱེར་གྱི་ཚན་པ་120ལྷག་ཙམ་ལ་ཞིབ་བཤེར་བྱས་པ་དང་། ཁྲོམ་གཞུང་80ལྷག་ཙམ་ལ་སྐོར་གཡེང་ཞིབ་བཤེར་བྱས་པ། མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་དང་མེ་ཟོན་བདེ་འཇགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་260ལྷག་ཙམ་བཅོས་སྒྲིག་བྱས་པ་བཅས་ཀྱི་དབང་གིས་མེ་སྐྱོན་ལས་འཛོལ་གཅིག་ཀྱང་ཐོན་མེད་པ་དང་། མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་སྣ་ཚོགས་འབྱུང་རྩ་ནས་བསལ་ཡོད་པ་རེད།

    པར་འདི་གཉིས་ནི་ལྷ་ས་གྲོང་ཁྱེར་སྤྱི་བདེ་མེ་ཟོན་ཉིང་ལག་རུ་ཁག་གི་ལས་དོན་མི་སྣས་ཚན་པ་ཁག་གི་མེ་ཟོན་ལས་དོན་ལ་ཞིབ་བཤེར་བྱེད་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།