[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • སླུ་ཚོང་བྱས་པའི་བུད་མེད་ཉོས་ན་ཁྲིམས་འགལ་ཡིན་ནམ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-09

    བུད་མེད་སླུ་ཚོང་བྱེད་པ་ནི་ཉེས་སྤྱོད་ཅིག་རེད། འོ་ན། གཞན་གྱིས་སླུ་ཚོང་བྱས་པའི་བུད་མེད་ཉོ་ཆོག་གམ་ཞེ་ན། མི་མང་པོ་ཞིག་སྟེ། གྲོང་གསེབ་ཀྱི་གཞི་རིམ་ལས་བྱེད་པ་སྐོར་ཞིག་གིས་ཀྱང་དངུལ་སྒོར་བྱིན་ནས་ཆུང་མ་བླུ་བ་ནི་ཁྲིམས་འགལ་མིན་པར་བསམས། དེ་ནི་ཁྲིམས་ལུགས་མ་ཤེས་པའི་རྟགས་ཡིན་ཏེ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི《བུད་མེད་དང་བྱིས་པ་སླུ་ཚོང་བཙན་ཁྲིད་ཀྱི་ཉེས་ཅན་ལ་ཆད་པ་དྲག་པོ་གཅོད་པའི་སྐོར་གྱི་གཏན་འབེབས》ལྟར་ན། གཞན་གྱིས་སླུ་ཚོང་བྱས་པའི་བུད་མེད་སླུ་་མཁན་ལ་ལོ་གསུམ་མན་གྱི་དུས་བཅད་བཙོན་འཇུག་དང་ཡང་ན་བཙོན་ཉར་ལས་སྐུལ་ལམ་བཀག་ཉར་གྱི་ཉེས་ཆད་གཅོད་དགོས། ཚུར་བླུས་པའི་བུད་མེད་ལ་བཙན་ཤེད་ཀྱིས་ལུས་འབྲེལ་བྱས་པར་ད་དུང་བཙན་གཡེམ་གྱི་ཉེས་པ་བཞིན་ཆད་པ་གཅོད་པ་དང་། གཞན་གྱིས་སླུ་འཚོང་བྱས་པའི་བུད་མེད་ཉོས་རྗེས་ཁྲིམས་དང་མི་མཐུན་པར་དེའི་མི་ལུས་རང་དབང་འཕྲོག་པའམ་མི་ལུས་ཚོད་འཛིན་དང་ཡང་ན་དེར་གནོད་འཚེ་དང་། བརྙས་བཅོས། མནར་གཅོད་བཅས་ཀྱི་ནག་ཉེས་བཟོ་མཁན་ལ་ཉེས་ཁྲིམས་ཀྱི་འབྲེལ་ཡོད་ཐག་གཅོད་ལྟར་ཆད་པ་གཅོད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།