[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • གྲྭ་བཙུན་100ཡིས་མེ་ཟོན་གྱི་ཚན་རིག་ཤེས་བྱ་ཁྱབ་གདལ་རྟེན་གཞིར་ལྟ་སྐོར་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-11

    “མེ་ཟོན་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དགོན་སྡེར་ཁྱབ་གདལ་གཏོང་བའི”བྱེད་སྒོར་སྐུལ་འདེད་གཏིང་ཟབ་བཏང་ནས་དགོན་སྡོད་ལས་དོན་པའི་མེ་ཟོན་བདེ་འཇགས་ཀྱི་ལས་འགན་སྒྲུབ་པའི་འཇོན་ཐང་དང་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་ཆེད། ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་ལྷ་ས་གྲོང་ཨུད་ཀྱི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ལྷ་ས་གྲོང་ཁྱེར་མི་རིགས་ཆོས་ལུགས་ལས་དོན་ཅུས་དང་མཐུན་སྦྱོར་བྱས་ཏེ་མེ་ཟོན་ཤེས་བྱའི་གསོ་སྦྱོང་འབྲེལ་ཡོད་རེས་སྐོར་གསོ་སྦྱོང་གི་སློབ་ཚན་ལ་བཅུག་པ་རེད།

    ཉེ་ཆར། ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་ལྷ་ས་གྲོང་ཁྱེར་གྱི་དགོན་སྡེ་གཙོ་བོའི་གྲྭ་བཙུན་100སྒྲིག་འཛུགས་བྱས་ཏེ་སྣེའུ་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱི་མེ་ཟོན་གྱི་ཚན་རིག་ཤེས་བྱ་ཁྱབ་གདལ་རྟེན་གཞིར་ལྟ་སྐོར་བྱས་པ་དང་ཆབས་ཅིག མེ་གསོད་མི་སྣས་གྲྭ་བཙུན་དང་དགོན་སྡོད་ལས་བྱེད་པར་མེ་གསོད་ཡོ་བྱད་སྤྱོད་སྟངས་བསླབས་པ་རེད། མེ་གསོད་མི་སྣས་ས་གནས་ས་ཐོག་ཏུ་གྲ་སྒྲིག་བྱས་པའི་མེ་ཤིང་ལ་མེ་སྤར་ཏེ་གྲྭ་བཙུན་ཚོར་རེས་མོས་ངང་མེ་གསོད་དུ་བཅུག་ནས་རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་ཐུབ་པར་བྱས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།