[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ལྷ་ས་གྲོང་ཁྱེར་གྱིས་མེ་འཁོར་བབས་ཚུགས་སུ་བདལ་གཏོང་རླངས་འཁོར་གྱི་གཉེར་སྐྱོང་ཟང་ཟིང་གི་སྣང་ཚུལ་བཅོས་སྒྲིག་བྱས་པ།

  • ཡོང་ཁུངས།   ལྷ་ས་གྲོང་ཁྱེར་གྱིས་མེ་འཁོར་བབས་ཚུགས་སུ་བདལ་གཏོང་རླངས་འཁོར་གྱི་གཉེར་སྐྱོང་ཟང་ཟིང་གི་སྣང་ཚུལ་བཅོས་སྒྲིག་བྱས་པ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-11

    ཉེ་ཆར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་མེ་འཁོར་བབས་ཚུགས་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་དང་ལྷ་ས་གྲོང་ཁྱེར་བདལ་གཏོང་རླངས་འཁོར་ཚད་ཡོད་ཀུང་སིས“ང་ཚོའི་ལྔ་པའི་ཚེས་ལྔའི་དུས་ཆེན”གྱི་བརྗོད་དོན་གཙོ་བོའི་ལག་ལེན་བྱེད་སྒོ་སྤེལ་བ་དང་། དེའི་དམིགས་ཡུལ་ནི“ལྔ་པའི་ཚེས་ལྔའི”རིང་བདལ་གཏོང་རླངས་འཁོར་གྱི་གཉེར་སྐྱོང་སྒྲིག་ལམ་འགན་ལེན་དང་། སླད་ཕྱིན་བདལ་གཏོང་རླངས་འཁོར་བདེ་འཇགས་དང་ཡ་རབས་ལྡན་པའི་སྒོ་ནས་གཉེར་སྐྱོང་བྱེད་པའི་ལས་དོན་ལ་རྨང་གཞི་ཡག་པོ་འདིང་ཆེད་རེད།

    ད་ཐེངས་ཀྱི་བྱེད་སྒོར་ཚང་མས་ལྕགས་དྲའི་མཐའ་འཁོར་དུ་གཙང་སྦྲ་བྱེད་པ་དང་། གཏོར་སྐྱོན་ཕོག་པའི་ལྕགས་དྲར་བཟོ་བཅོས་རྒྱག་པ། “ནག་སེལ་གཤེད་བཅོམ”གྱི་ཆེད་དོན་འཐབ་རྩོད་དང“ཚེ་སྲོག་ལ་གཅེས་སྤྲས་དང་འགྲུལ་སྐྱེལ་ལག་ཁྱེར་མེད་པའི་རླངས་འཁོར་ལ་མི་སྡོད་པའི”དྲིལ་བསྒྲགས་ཡིག་ཆ་སྤྲོད་པ་སོགས་ཀྱི་བྱེད་སྒོ་མང་པོ་སྤེལ་བ་རེད།

    ཉིན་ལྟར་སྔ་དྲོའི་ཆུ་ཚོད་བཅུ་པར་མེ་འཁོར་དུས་ཐེངས་དང་པོ་ཤར་གཏོང་བྱས་པ་ནས་དགོང་མོའི་ཆུ་ཚོད་དགུ་པའི་མེ་འཁོར་མཇུག་ཤོས་བར། བདལ་གཏོང་རླངས་འཁོར་ཀུང་སིའི་ལས་དོན་པས་མེ་འཁོར་བབས་ཚུགས་སུ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་ལས་དོན་མི་སྣ་དང་མཉམ་དུ་ཁྲིམས་སྐྱོང་བྱས་ནས་མེ་འཁོར་བབས་ཚུགས་ཀྱི་བདལ་གཏོང་རླངས་འཁོར་གྱི་དོ་དམ་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ། གཟའ་འཁོར་རེར་གྲལ་བཤེར་ཐེངས་56བྱས་པ་དང་། ཁྱོན་བདལ་གཏོང་རླངས་འཁོར་ཐེངས་1680ལ་གྲལ་བཤེར་བྱས་པ་རེད།

    “ཟླ་གཅིག་རིང‘ནག་སེལ་གཤེད་བཅོམ་དང་ལོག་སེལ་ཟིང་བཅོས’ཀྱི་ཆེད་དོན་བཅོས་སྒྲིག་ལས་དོན་སྤེལ་བ་ནས་བཟུང་། མེ་འཁོར་བབས་ཚུགས་སུ་བདལ་གཏོང་རླངས་འཁོར་ཟང་ཟིང་ཆེ་བའི་སྣང་ཚུལ་བཅོས་སྒྲིག་ནུས་ལྡན་ཐུབ་པ་མ་ཟད། ཀུང་སིས་སྤེལ་བའི་བདལ་གཏོང་རླངས་འཁོར་གྱི་ཁ་ལོ་བས‘ཆགས་སྲེད་དང་། རྒྱན་འགྱེད། དུག་འཐེན’བཅས་གཏན་འགོག་བྱེད་པའི་དྲིལ་བསྒྲགས་ལས་དོན་ཁྱོན་ཡོངས་ལ་སྤེལ་ཐུབ་ཡོད”ཅེས་འབྲེལ་ཡོད་མི་སྣས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།