[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • བཟའ་བཅའ་ལས་སྣོན་བྱེད་མཁན་གྱིས་བཙོག་ཆུ་གང་བྱུང་དུ་གློད་པས་གྲོང་མིས་ཐེར་འདོན་བྱས་པ།

    ཁྲེང་ཀོན་ཆུས་ཞིབ་དཔྱོད་ཁང་གིས་ཁྲོམ་རའི་ལྟ་འདོམས་སྡེ་ཚན་དང་མཉམ་དུ་ཁྲིམས་ལྟར་ཐག་གཅོད་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-11

    ཉེ་དུས། གྲོང་མིས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཞིབ་དཔྱོད་ཁང་12309ཞིབ་དཔྱོད་ཞབས་ཞུ་ལྟེ་གནས་ལ་ཁྲེང་ཀོན་ཆུས་ཉང་བྲན་ཤང་སྐྱིད་ཟུར་གྲོང་ཚོར་ཁྲིམས་འགལ་ངང་བཙོག་ཆུ་གང་བྱུང་དུ་གློད་པར་བརྟེན། ཉེ་འཁོར་གྱི་མུའུ་20ཡི་ཚལ་ཞིང་ལ་སྦགས་བཙོག་བཟོས་པའི་སྐོར་གྱི་ཐེར་འདོན་འབྱོར། ཐེར་འདོན་འབྱོར་རྗེས་ཁྲེང་ཀོན་ཆུས་ཞིབ་དཔྱོད་ཁང་དམངས་དོན་སྲིད་འཛིན་ཞིབ་དཔྱོད་པུའི་ལས་བྱེད་ཉེན་རྟོག་པས་འཕྲལ་མར་གནས་ཚུལ་ཐོན་སར་བསྐྱོད་དེ་བརྟག་དཔྱད་དཔང་ལེན་བྱས་པ་བརྒྱུད། བཙོག་ཆུས་ཚལ་ཞིང་ལ་སྦགས་བཙོག་བཟོས་པ་མཐོང་ཞིང་། ཞིབ་དཔྱོད་ཁང་གི་ལས་བྱེད་ཉེན་རྟོག་པ་ཚོས་དེ་མུར་མུ་མཐུད་བརྟག་དཔྱད་གཏིང་ཟབ་བྱས་པ་རེད། 

    གྱོད་སྒྲུབ་ཉེན་རྟོག་པས་བཙོག་ཆུའི་ཡོངས་ཁུངས་རྩད་གཅོད་སྐབས། སྟོད་རྒྱུད་དུ་བཟའ་བཅའ་ལས་སྣོན་ཁང་ཞིག་ནས་བཙོག་ཆུ་གློད་པ་ཤེས་རྟོགས་བྱུང་བ་རེད། དེ་རྗེས་ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་འདོམས་དོ་དམ་ཅུས་ལ་བརྡ་ཐོ་བཏང་སྟེ་འཕྲལ་མར་ཁྲིམས་འཛིན་ལྟ་སྐུལ་བྱེད་དུ་བཅུག་པ་རེད། ལྟ་སྐུལ་ཞིབ་བཤེར་བྱེད་རིང་ལས་སྣོན་ཁང་དེར་ད་དུང་བཟའ་བཅའ་ལས་སྣོན་གྱི་ཆོག་འཐུས་ལག་ཁྱེར་དང་བཟོ་པའི་བདེ་ཐང་ལག་ཁྱེར་མེད་ལ། བཟའ་བཅའ་ལས་སྣོན་བྱེད་ས་ཡང་གཏན་འབེབས་དང་མི་མཐུན་པ་སོགས་ཀྱི་ཁྲིམས་འགལ་གྱི་གནས་ཚུལ་ཡོད་པ་རྟོགས་པས། ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་འདོམས་དོ་དམ་ཅུས་ཀྱིས་དེ་མ་ཉིད་དུ་སྒོ་ཐེལ་བརྒྱབ་པ་རེད། གྱོད་གཞི་དེ་ཁྲེང་ཀོན་ཆུས་ཞིབ་དཔྱོད་ཁང་གིས་མང་ཚོགས་ཀྱིས་ཐེར་འདོན་བྱས་པའི་སྤྱི་ཕན་ཞུ་གཏུག་གྱོད་གཞི་བདག་སྤྲོད་བྱེད་ཐེངས་དང་པོ་དེ་ཡིན་ཞིང་། གྱོད་གཞི་སྒྲུབ་སྐབས་ཁྲེང་ཀོན་ཆུས་ཞིབ་དཔྱོད་ཁང་གི་གྱོད་སྒྲུབ་མི་སྣས་ཚན་རྩལ་གྱི་སྒྲིག་ཆས་ལ་བརྟེན་ནས་སྤྱི་ཕན་ཞུ་གཏུག་དཔང་ལེན་རྩད་ཞིབ་སྒམ་དང་མི་མེད་གནམ་གྲུ་སྤྱད་ནས་བཟའ་བཅའ་ལས་སྣོན་ཁང་ལ་བརྟག་དཔྱད་བྱས་པ་དང་འབྲེལ་མཁའ་རླུང་དང་། ཆུ། ས་རྒྱུ་སོགས་ལ་མགྱོགས་མྱུར་ཞིབ་དཔྱད་བྱས་པར་བརྟེན་ཚན་རྩལ་སྒྲིག་ཆས་ཀྱི་གྱོད་སྒྲུབ་ཁྲོད་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་ཐུབ་པ་དང་། དཔང་རྟགས་ཁུངས་བཙན་རག་པ་མ་ཟད་སྲིད་འཛིན་ཆད་གཅོད་བྱ་རྒྱུར་ཡང་གཞི་འཛིན་ས་གལ་ཆེན་མཁོ་འདོན་བྱས་པ་རེད།

    གོམ་སྟབས་རྗེས་མར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཞིབ་དཔྱོད་ཁང་དམངས་དོན་སྲིད་འཛིན་ཞིབ་དཔྱོད་པུའུ་ཡིས་སྔོན་ཐོན་གྱི་སྒྲིག་ཆས་མུ་མཐུད་སྤྱད་དེ་གྱོད་སྒྲུབ་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་བཏང་ནས་སྲིད་འཛིན་ཁྲིམས་འཛིན་ལས་ཁུངས་ཀྱིས་ཁྲིམས་བཞིན་འགན་འཁྲི་བསྒྲུབ་རྒྱུར་སྐུལ་འདེད་གཏོང་བ་དང་། སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་ཕན་སྲུང་སྐྱོང་བྱེད་རྒྱུ་དང་ཆབས་ཅིག དྲིལ་བསྒྲགས་ཐད་སྔར་བས་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཚོགས་ལས་རིགས་ཁག་གིས་སྤྱི་ཕན་ཞུ་གཏུག་ཤེས་རྟོགས་བྱེད་པ་དང་། སྤྱི་དམངས་ཀྱིས་ཁོར་ཡུག་སྦགས་བཙོག་བཟོ་བ་དང་བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་ལ་གཏོར་སྐྱོན་གཏོང་བའི་བྱེད་སྤྱོད་ཐེར་འདོན་ཧུར་ཐག་བྱ་རྒྱུར་ཁྲིད་སྟོན་བྱས་ནས་ཁྲེང་ཀོན་ཆུས་ཞིབ་དཔྱོད་ཁང་སྤྱི་ཕན་ཞུ་གཏུག་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་འབྲེལ། དམངས་དོན་སྲིད་འཛིན་ཞིབ་དཔྱོད་ལས་དོན་གྱི་སྤུས་རྟགས་ཧུར་ཐག་གིས་གཏོད་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།