[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ལས་ཞུགས་དཔྱིད་རླུང་ལྡང་། ལས་གཏོད་ཞིང་ས་ཡངས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-02

    ཉིང་ཁྲི་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་ལས་ཞུགས་ལས་དོན་དེ་ལས་ཀའི་གནས་བབ་གལ་ཆེན་ཐོག་བཞག་པ་དང་། མིག་སྔར། ཉིང་ཁྲི་གྲོང་ཁྱེར་དུ་མི་གྲངས1445གསར་དུ་ལས་ཞུགས་ཐུབ་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་2.5%ནང་ཚོད་འཛིན་བྱས་པ་དང་། ཞིང་འབྲོག་པ་11862ལས་ཞུགས་གཞན་སྒྱུར་ཐུབ་ནས་ལས་ཞུགས་གཞན་སྒྱུར་གྱི་ཡོང་འབབ་སྒོར་ཁྲི་4520ཟིན་པ་དང་། ལས་ཞུགས་གཞན་སྒྱུར་གཙོ་བོ་འཛུགས་སྐྲུན་དང་ཡུལ་སྐོར་ཞབས་ཞུ་སོགས་ཀྱི་ལས་རིགས་སུ་གཅིག་སྡུད་བྱས་ཡོད་པ་དང་འབྲེལ་མིང་ངོ་མ་འགོད་པའི་ལམ་ལུགས་ཀྱི་ཐོ་འགོད་ལེགས་གྲུབ་ཟིན་པ་རེད།

    རྩལ་ནུས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་བ།

    ཉིང་ཁྲི་གྲོང་ཁྱེར་གྱིས་ལས་རིགས་རྩལ་ནུས་གསོ་སྦྱོང་སྣ་ཚོཌ་དུས་ཐེངས་33གཉེར་ནས་མི་ཐེངས་2324གསོ་སྐྱོང་བྱས་པའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་མི་སྣ་དང་། ཁེ་ལས་ཀྱི་ལས་ཐོག་ལས་བཟོར་གསོ་སྦྱོང་དུས་ཐེངས་5གཉེར་ནས་མི་གྲངས་149གསོ་སྦྱོང་བྱས་པ་དང་། ཞིང་འབྲོག་པ་ལས་ཞུགས་གཞན་སྒྱུར་དང་ཡིག་ཚགས་དང་གཱ་བཟོས་པའི་ངལ་ནུས་དབུལ་པོར་གསོ་སྦྱོང་དུས་ཐེངས་28གཉེར་ནས་མི་གྲངས་2175གསོ་སྦྱོང་བྱས་ཁར། ཉིང་ཁྲི་གྲོང་ཁྱེར་གྱི་ཐོན་ལས་འཕེལ་རྒྱས་ཀྱི་དོན་དངོས་དང་ཁྲོམ་རའི་དགོས་མཁོ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། མི་ཤུགས་ཐོན་ཁུངས་ཁྲོམ་རའི་བཀོད་སྒྲིག་བཟང་སྒྲིག་བྱས་ནས་ལག་རྩལ་དང་ལས་གནས་འཚམ་པ་དང་མི་དང་ལས་གནས་འཚམ་པར་བྱས་པ་རེད། SYBདང་དྲ་ཐོག་ཚོང་ཁང་སོགས་པའི་ལས་གཏོད་གསོ་སྦྱོང་དུས་ཐེངས་11གཉེར་ནས་མི་གྲངས་268གསོ་སྦྱོང་བྱས་པ་དང་། ལས་གཏོད་པ་43མང་དུ་ཕྱིན་ནས་མི་གྲངས་105ལས་ཞུགས་ཐུབ་རྒྱུར་སྣེ་ཁྲིད་བྱས་པ་རེད།

    ཉིང་ཁྲི་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་ལས་གནས་གསར་སྤེལ་དང་ལས་རིགས་མཛུབ་ཁྲིད། ལས་མི་བསྡུ་བའི་བྱེད་སྒོ་བཅས་ནི་ལས་ཞུགས་དང་ལས་གནས་སྦྲེལ་མཐུད་བྱེད་པའི་དམ་འཛིན་བྱ་གཞི་གལ་ཆེན་ལ་བརྩིས་ཏེ། གཅིག་ནས་ལས་ཞུགས་ལས་གནས་1898གསར་སྤེལ་བྱས་པ་དང་། གཉིས་ནས་མི་ཐེངས་1474ལ་ལས་རིགས་མཛུབ་ཁྲིད་དང་མི་ཐེངས་1395ལ་ལས་ཀ་བཙལ་རོགས་བྱས་པར་མི་གྲངས་853ལ་ལས་ཀ་རག་ཡོད། གསུམ་ནས་ལས་མི་བསྡུ་བའི་བྱེད་སྒོ་ཐེངས་15སྒྲིག་འཛུགས་བྱས་པར་ཚན་པ་551གིས་ལས་གནས་7557མཁོ་འདོན་བྱས་པ་དང་མི་གྲངས་770ཡིས་ལས་ཞུགས་འདོད་མཐུན་ཡི་གེ་བཞག་པ་རེད།

    x0628ft2.jpg

    འདི་ནི་བོད་ལྗོངས་ཞིང་འབྲོག་སློབ་གླིང་གློག་ཤུགས་ལས་གྲྭ་སློབ་གླིང་གི་2019ལོའི་སློབ་ཐོན་སློབ་མས་བྲག་ཆུ་གློག་འདོན་ཀུང་སིའི་606གློག་འདོན་ས་ཚིགས་ནང་གློག་ནུས་ཐོན་སྐྱེད་དང་གློག་འདོན་ས་ཚིགས་ཀྱི་འབྲེལ་ཡོད་ཤེས་བྱ་སྦྱོང་བཞིན་པ།

    ལས་ཞུགས་ལས་གཏོད་འཐུས་སྒོ་ཚང་དུ་བཏང་བ།

    ཉིང་ཁྲི་གྲོང་ཁྱེར་སྲིད་གཞུང་གིས་ཉིང་ཁྲི་གྲོང་ཁྱེར་གྱི་ཞིང་འབྲོག་པ་ལས་མིའི་ལས་དོན་དང་ཞིང་འབྲོག་པ་ལས་ཞུགས་གཞན་སྒྱུར་ལས་དོན་འགོ་ཁྲིད་ཚོགས་ཆུང་འཛུགས་རྒྱུར་ཆོག་མཆན་སྤྲད་ཅིང་། ལམ་ལུགས་ཀྱིས་དོན་འཁྱོལ་ལ་སྐུལ་འདེད་གཏོང་བར་ཤུགས་སྣོན་རྒྱག་ཆེད། 《2019ལོའི་ཉིང་ཁྲི་གྲོང་ཁྱེར་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའུ་ལས་ཞུགས་གཞན་སྒྱུར་ཚོགས་ཆུང་གི་གནད་སྨིན་དབུལ་སྒྲོལ་གྱི་འཇོན་ཐང་གསོ་སྦྱོང་བྱེད་པའི་ལག་བསྟར་ཇུས་གཞི》དང་། 《ཉིང་ཁྲི་གྲོང་ཁྱེར་གྱི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ལས་ཞུགས་ལས་དོན་ལ་སྐུལ་འདེད་གཏོང་བའི་ལག་བསྟར་བསམ་འཆར》སོགས་ཀྱི་འཆར་ཟིན་བཟོས་པ་རེད།

    མིག་སྔར། ཉིང་ཁྲི་གྲོང་ཁྱེར་གྱི་ཡུན་གནས་ལས་གཏོད་ཕུགས་འདུན་གྲོང་རྡལ་ཆུང་ངུའི་ལས་གཏོད་གསོ་སྐྱོང་རྟེན་གཞི་དེ་ཉིད་ཉིང་ཁྲི་གྲོང་ཁྱེར་རིམ་པའི་ལས་གཏོད་གསོ་སྐྱོང་རྟེན་གཞིར་རེ་ཞུ་བྱས་པར་ཆོག་མཆན་སྤྲད་ནས་མོས་མཐུན་བྱས་ཤིང་། ཉེ་དུས། གཏན་འཁེལ་བྱུང་བའི་འབྲེལ་ཡོད་དོ་དམ་བྱེད་ཐབས་གཞིར་བཟུང་། ཐེངས་གཅིག་ལ་རོགས་སྐྱོར་མ་དངུལ་སྒོར་ཁྲི་40དང་ལོ་འཁོར་གྱི་འཁོར་སྐྱོད་དོ་དམ་གྲོན་དངུལ་ཁ་གསབ་སྒོར་ཁྲི་25སྤྲོད་མཁན་ཡིན་པ་རེད། ཀླུ་ནང་ཐོན་ལས་གླིང་གྲོང་ཁྱེར་རིམ་པའི་ལས་གཏོད་གསོ་སྐྱོང་རྟེན་གཞིའི་ཚད་གཞིར་སླེབས་ཤིང་། རྫོང་ཆུས་5ལ་ལས་གཏོད་གསོ་སྐྱོང་རྟེན་གཞི་བསྐྲུན་ཡོད་པ་རེད། རིམ་རྩིས་བྱས་ན་ལས་གཏོད་གསོ་སྐྱོང་རྟེན་གཞིར་ཁེ་ལས་ཚོགས་པ་121ཡོད་པ་རེད།

    དབུལ་སྒྲོལ་ལ་གྲུབ་འབྲས་ཐོབ་པ་དང་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་དམ་འཛིན་བྱས་པ།

    འདི་ལོ་ནས་བཟུང་། ཉིང་ཁྲི་གྲོང་ཁྱེར་གྱིས་ཡིག་ཚགས་དང་གཱ་བཟོས་པའི་ངལ་ནུས་དབུལ་པོར་གསོ་སྦྱོང་དུས་ཐེངས་21གཉེར་ནས་མི་གྲངས་195གསོ་སྦྱོང་བྱས་ཏེ་ལོ་འཁོར་དམིགས་ཚད་ལས་21.7%ལེགས་སྒྲུབ་བྱས་པ་དང་། ཡིག་ཚགས་དང་གཱ་བཟོས་པའི་ངལ་ནུས་དབུལ་པོ་མི་གྲངས་785ལས་ཞུགས་གཞན་སྒྱུར་ཐུབ་ནས་ལོ་འཁོར་དམིགས་ཚད་ལས་87.2%ལེགས་སྒྲུབ་བྱས་པ་རེད། མིག་སྔར། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་དུད་ཚང་741དང་མི་གྲངས་3328བྱས་པ་དང་། མི་གྲངས་2044གསོ་སྦྱོང་དང་མི་གྲངས་2071ལས་ཞུགས་གཞན་སྒྱུར་བྱས་ཏེ།“དུད་ཚང་གཅིག་ནས་མི་གཅིག”ལས་ཞུགས་གཞན་སྒྱུར་ཐུབ་པ་བྱས་པ་རེད། “ས་ངན”ཡུག་ཁུལ་ནས་དུད་ཚང་97དང་མི་གྲངས་506ཁག་གསུམ་དུ་བགོས་ནས་གནས་སྤོ་བྱས་ཤིང་། དེ་དག་བྲག་ཡིབ་ཆུས་དང་ཀོང་པོ་རྒྱ་མདའ་རྫོང་གི་བཀོད་སྒྲིག་ས་ཚིགས་12ལ་ཁ་བཀྲམ་ནས་བཀོད་སྒྲིག་བྱས་པ་རེད། ཉིང་ཁྲི་གྲོང་ཁྱེར་དུ་སྤོས་ནས་དུས་ཚོད་རིང་པོ་མ་སོང་བར། ནགས་ཁྲོད་ཐོན་ཁུངས་འཐུ་བའི་དུས་ཚིགས་ཤར་བས་གནས་སྤོས་མང་ཚོགས་ཕལ་ཆེ་བ་ནགས་ཁྲོད་ཐོན་ཁུངས་འཐུ་བར་བསྐྱོད་སྟབས། མི་གྲངས་356མ་གཏོགས་ལས་ཞུགས་གཞན་སྒྱུར་ཐུབ་མེད། དུད་ཚང་712ལ་མཐའ་མཚམས་གྲོང་སྡེ་ཆུང་གྲས་ཀྱི་གྲོང་མིའི་སྡོད་ཁང་བསྐྲུན་ནས་ མི་གྲངས་3445གནས་སྤོས་ཟིན་པ་དང་། ངལ་ནུས་1359གསོ་སྦྱོང་བྱས་ཁར་མི་གྲངས་1318ལས་ཞུགས་གཞན་སྒྱུར་ཐུབ་པ་རེད།

    ཉིང་ཁྲི་གྲོང་ཁྱེར་མི་སྤྱི་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས“2018ལོར་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་93.38%དང་ལས་གནས་བརྟན་ཚད་78.32%ཟིན་ཡོད། འདི་ལོ་ལས་ཞུགས་ཐུབ་ཚད་དང་ལས་གནས་བརྟན་ཚད་ཁག་སོ་སོར་90%དང་80%ཡན་ཟིན་ཏེ་2018ལོ་དང་མཉམ་ཡོད”ཅེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།