[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • མེ་འཁོར་ནང་དུ་དོན་མེད་རྙོག་དྲ་སློང་མཁན་སྲིད་འཛིན་བཀག་ཉར་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-27

    ཉེ་ཆར། འགྲུལ་སྐྱེལ་མེ་འཁོར་ཐེངས་Z166ལ་སྐྱེས་པ་ཞིག་གིས་ར་བཟི་ནས་འཁོར་སྒྲོམ་དཀྱུས་མའི་ནང་ཟིང་བསླངས་ཤིང་། ཁོ་པས་རྐང་པ་བརྐྱངས་ནས་མི་གཞན་གྱི་སྡོད་ས་ཧམ་བཟུང་བྱས་ཁར། ཉེ་འགྲམ་གྱི་འགྲུལ་པར་ཁ་རྡུང་ཡང་བཏང་བ་རེད། ཉེ་འགྲམ་གྱི་འགྲུལ་པ་བཟོད་སྒོམ་མ་ཐུབ་པར་ཉེན་རྟོག་པར་སྙན་སེང་ཞུས་པ་དང་མེ་འཁོར་གྱི་ཉེན་རྟོག་དཔོན་ཝུའུ་ཅུན་ཅེས་ཀུའུ་ཆེ་གེ་མོར(མིང་ཚབ)ཁ་ཏ་བསླབ་བྱ་བྱས་ཀྱང་ཉན་མེད། མཐར་ཀུའུ་ཆེ་གེ་མོར(མིང་ཚབ)གཅུན་འདོམས་བྱས་པ་དང་ཆབས་ཅིག་ནག་ཆུའི་འབབ་ཚུགས་ཀྱི་མངགས་གཏོང་ཁང་ལ་རྩིས་སྤྲད་པ་རེད། སྐྱེས་པ་དེས་མངགས་གཏོང་ཁང་དུ་སླེབས་ཀྱང་ད་དུང་སྒལ་རལ་བཤད་པ་དང་གྱོད་སྒྲུབ་ཉེན་རྟོག་པར་ཁ་རྡུང་བཏང་། མིག་སྔར་སྐྱེས་པ་དེ་ཁྲིམས་ལྟར་སྲིད་འཛིན་བཀག་ཉར་བྱས་པ་རེད། 

    གསར་འགོད་པས་ལྷ་ས་ལྕགས་ལམ་སྤྱི་བདེ་ཁྲུའུ་ནས་ཤེས་རྟོགས་བྱས་པར། “བདེ་འཇགས་ཀྱི་ཕྱོགས་ཐོན་ཁོར་ཡུག་གཏོད་ཆེད་ཉེན་རྟོག་པས་གཡས་གཞོགས་གཡོན་འདེགས་བྱེད”པའི་ཆེད་དོན་བྱ་སྤྱོད་གཏིང་ཟབ་སྤེལ་ནས་བདེ་འཇགས་ངང་བོད་ནས་འགྲོ་འོང་བྱེད་པའི་མེ་འཁོར་བཏོད་པ་དང་ལྕགས་ལམ་སྐྱེལ་འདྲེན་གྱི་བདེ་འཇགས་ཤར་གཏོང་དང་འགྲུལ་པའི་མི་ལུས་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་ཧུར་ཐག་བྱས་ཡོད། ཉེ་ཆར། ལྷ་ས་ལྕགས་ལམ་ཉེན་རྟོག་ཕྱོགས་ཀྱིས་ས་གནས་ཀྱི་སྤྱི་བདེ་དང་མཉམ་འབྲེལ་བྱས་ཏེ་མེ་འཁོར་འབབ་ཚུགས་ཉེ་འཁོར་གྱི་ཚོང་ཁང་དང་། མགྲོན་ཁང་། དྲ་ཁང་སོགས་ལ་བདེ་འཇགས་གཙང་བཤེར་བྱས་པ་དང་མེ་འཁོར་འབབ་ཚུགས་ཉེ་འཁོར་གྱི་ཁྲིམས་འགལ་གཉེར་སྐྱོང་བྱེད་མཁན་བདལ་གཏོང་རླངས་འཁོར་དང་། འགྲུལ་པ་འཐེན་མཁན། འགྲུལ་པ་འབོད་མཁན་བཅས་ལ་ཆེད་དོན་བཅོས་སྒྲིག་བྱས་ནས་ཁོངས་གཏོགས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་ལ་འགན་ལེན་བྱས་ཡོད། ཆེད་དོན་བྱ་སྤྱོད་སྤེལ་ནས་ཟླ་གཅིག་སོང་རིང་། ལྷ་ས་ལྕགས་ལམ་ཉེན་རྟོག་ཕྱོགས་ཀྱིས་ལམ་སྐྱོང་ལྕགས་དྲ་ནས་མཆོངས་པ་དང་འགྲུལ་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་པ་སོགས་ཀྱི་སྲིད་འཛིན་གྱོད་གཞི་35ཞིབ་བཤེར་ཐག་གཅོད་བྱས་པས་ཉེན་ཡོད་དངོས་རྫས་4000ལྷག་ཙམ་ཞིབ་བཤེར་ཐུབ་པ་དང་གཙོ་གནད་མི་སྣ863ལ་དཔྱད་བསྡུར་བྱས་པ་བརྒྱུད་འབབ་ཚུགས་དང་། མེ་འཁོར། ལམ་རྒྱུད་བཅས་ཀྱི་བདེ་འཇགས་ཁོར་ཡུག་ལེགས་སུ་བཏང་བ་དང་འགྲུལ་པའི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་བྱས་ཡོད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།