[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་སློབ་གྲྭར་རྐུ་མ་བརྐུས་པའི་གྱོད་གཞི་རབ་དང་རིམ་པ་རྩད་ཆོད་པ།

    ཉེས་གསོག་དོགས་ཅན་གྱིས་སྔ་རྗེས་སུ་སློབ་འབྲིང་བཞིར་རྐུ་མ་ཐེངས་མང་བརྐུས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-27

    འདི་ལོའི་ཟླ་3པ་ནས་6པའི་རིང་། ལྷ་ས་གྲོང་ཁྱེར་དུ་སློབ་གྲྭར་རྐུ་མ་བརྐུས་པའི་གྱོད་གཞི་ཐེངས་མང་ཐོན་པར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དང་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་ཏང་ཨུད་ཀྱིས་མཐོང་ཆེན་པོ་བྱས་ཏེ་ནུས་ཤུགས་ཡོད་རྒུས་གྱོད་གཞི་དེ་རིགས་རྩད་གཅོད་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། ལས་ཀའི་བླང་བྱ་གཞིར་བཟུང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གི་རུ་ཆེན་དང་པོས་ཉེན་རྟོག་པ་ཧྲག་སྒྲུག་བྱས་ནས་ཁོངས་གཏོགས་ཁུལ་གྱི་མངགས་གཏོང་ཁང་དང་དམངས་ཕན་ཉེན་དོན་ས་ཚིགས་སོགས་དང་མཉམ་འབྲེལ་ཧུར་ཐག་བྱས་ཏེ་གྲལ་བཤེར་བརྟག་དཔྱད་ལས་དོན་ནན་ཏན་ངང་སྤེལ་བ་རེད།

    གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་ཉེས་གསོག་དོགས་ཅན་ཤིས་ཆེ་གེ་མོ་བདེ་བླག་ངང་བཟུང་ཞིང་། བརྟག་དཔྱད་བྱས་པ་བརྒྱུད། ཁོ་པས་སློབ་གྲྭ་གྲོལ་བའི་སྐབས་སུ་སློབ་གྲྭར་འཛུལ་ཏེ་སྔ་རྗེས་སུ་ལྷ་སའི་སློབ་འབྲིང་4རུ་རྐུ་མ་ཐེངས་49བརྐུས་པ་དང་། ཁྱོན་དངུལ་སྨར་ཁྲི་1.5དང་ལག་ཐོགས་ཁ་པར་4བརྐུས་ཡོད་པ་རེད། མིག་སྔར་དངུལ་སྨར་ཚང་མ་ཤིས་ཆེ་གེ་མོས་བག་མེད་སྟོར་བརླག་བྱས་ཟིན་པ་དང་། བརྐུས་པའི་ཁ་པར་ཚང་མ་ཚུར་བླངས་ཡོད། ཉེས་གསོག་དོགས་ཅན་ད་ལྟ་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་པ་མ་ཟད། གྱོད་གཞི་དེར་སྔར་བས་འདྲི་ཞིབ་བྱེད་སྒང་ཡིན་པ་རེད།

    ཉེན་རྟོག་པའི་དྲན་སྐུལ། 

    སློབ་མའི་ཉལ་ཁང་ནི་རྐུ་མ་རྐུ་ས་གཙོ་བོ་ཞིག་ཡིན་པ་དང་། གློག་མིག་ལ་ཁུག་ཆ་མང་བ་དང་མི་རྒྱུན་མང་བས་རྐུན་མ་འཛིན་ཁག་པོ་ཡོད། ཟ་ཁང་དང་། སློབ་ཁང་། དཔེ་མཛོད་ཁང་། ལུས་རྩལ་ཐང་བཅས་སུ་སློབ་མ་ཚོས་གང་བྱུང་དུ་བཞག་པའི་དཔེ་ཁུག་བརླག་བདེ་པོ་ཡོད་ལ། དངུལ་སྨར་དང་གློག་རྡུལ་ཐོན་རྫས་བླུགས་པའི་གྱོན་ཆས་ཀྱང་བརླག་བདེ་པོ་ཡོད། ཉལ་ཁང་གི་སྒོ་རྩ་དང་། སློབ་ཁྲིད་ཐོག་ཁང་གི་སྒོ་རྩ། དཔེ་མཛོད་ཁང་གི་སྒོ་རྩ་བཅས་སུ་གང་བྱུང་དུ་བཞག་པའི་མོ་ཊ་དང་། གློག་སྒུལ་སྦག་སྦག རྐང་འཁོར་བཅས་བརླག་བདེ་བ། ཟ་ཁང་དང་། སྒོ་རྩིས་ཚོང་ཁང་། དཔར་ཁང་སོགས་མི་མང་བའི་ས་ཆར་མི་གཞན་དང་ཐག་ཉེ་པོ་ཡོད་སྐབས་ཁ་པར་དང་། རྒྱུ་དངོས། སློབ་མའི་ལག་ཁྱེར་སོགས་བརླག་དོར་ཤོར་བདེ་པོ་ཡོད།

    དེར་བརྟེན་རྒྱ་ཆེའི་དགེ་སློབ་ཚོས་དོགས་ཟོན་ཆེར་སྐྱེད་ཀྱིས་རྩ་ཆེའི་དངོས་པོ་ཡག་ཤོས་བྱུང་ན་ཤུག་ལྕོག་དང་སྒམ་དུ་བླུག་པའམ་ཡང་ན་གཞན་ལ་བཅོལ་དགོས། སློབ་གྲྭའི་དོ་དམ་མི་སྣས་རང་ཉིད་ཀྱི་ལྡེ་མིག་ལ་བདག་པོ་ཡག་པོ་རྒྱག་དགོས། ཉལ་ཁང་དང་གཞུང་ལས་ཁང་ནས་མཇུག་ཤོས་ཐོན་མཁན་གྱི་སློབ་མས་སྒེའུ་ཁུང་དང་སྒོ་ཡག་པོ་རྒྱག་དགོས་པ་ལས་སུན་སྣང་བྱེད་རྒྱུ་མེད། ངེས་པར་དུ་གློག་གསོད་པ་དང་། སྒོ་དང་སྒེའུ་ཁུང་རྒྱག་པའི་གོམས་གཤིས་འཇགས་དགོས། དགོང་མོ་གཉིད་ཉལ་སྐབས་ངེས་པར་དུ་སྒོ་དང་སྒེའུ་ཁུང་ཡག་པོ་བརྒྱབ་ནས་རྩ་ཆེའི་དངོས་པོ་སྒེའུ་ཁུང་དང་ཉེ་བར་འཇོག་མི་རུང་། གུང་གསེང་སྐབས་ཉལ་ཁང་གི་སྒོ་དང་སྒེའུ་ཁུང་ཡག་པོ་རྒྱག་དགོས་ལ། རྩ་ཆེའི་དངོས་པོ་ཉལ་ཁང་དུ་འཇོག་མི་རུང་།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།