[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • བོད་ལྗོངས་ཀྱིས་“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་བསུ་བ་ཞུ་བའི”བརྗོད་དོན་གཙོ་བོའི་ཁྲིམས་ལུགས་དྲིལ་བསྒྲགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་ཡིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-24

    ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་བཅའ་ཁྲིམས་ཁྱབ་གདལ་གཞུང་ལས་ཁང་ནས་ཤེས་རྟོཌ་བྱུང་བར། ཁྲིམས་སྐྱོང་དྲིལ་བསྒྲགས་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ལ་ཞབས་འདེགས་སྔར་ལས་ལྷག་པ་ཞུ་བ་དང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ཁྲིམས་སྐྱོང་གི་འདུ་ཤེས་ཟབ་ཏུ་དང་ཁྲིམས་ལུགས་ཀྱི་བྱང་ཚད་ལེགས་སུ་གཏོང་བ། བཅའ་ཁྲིམས་ཁྱབ་གདལ་དང་དྲིལ་བསྒྲགས་ཀྱི་ཚ་རླབས་ཤིག་སློང་བ་བཅས་ཀྱི་ཆེད་དུ། ཟླ་9ཚེས་16ནས་ཚེས་30ཉིན་བར། བོད་ཀྱིས“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་བསུ་བ་ཞུ་བའི”བརྗོད་དོན་གཙོ་བོའི་ཁྲིམས་ལུགས་ཁྱབ་གདལ་དང་དྲིལ་བསྒྲཌ་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་རེད།

    ཐེངས་འདིའི་བཅའ་ཁྲིམས་ཁྱབ་གདལ་དང་དྲིལ་བསྒྲགས་ཀྱི་བྱེད་སྒོའི་བརྗོད་དོན་གཙོ་བོ་ནི“མེས་རྒྱལ་དབུ་བརྙེས་པར་མཉམ་དུ་རྟེན་འབྲེལ་ཞུ། རླབས་ཆེན་གྱི་གཟི་བརྗིད་མཉམ་དུ་ལོངས་སུ་སྤྱོད། ཁྲིམས་སྐྱོང་གི་བོད་ལྗོངས་མཉམ་དུ་སྐྲུན”ཞེས་པ་དེ་རེད། ཟླ་9ཚེས་16ནས་ཚེས་20ཉིན་ནི་རང་སྐྱོང་ལྗོངས་ཀྱི་དཔེ་སྟོན་བྱེད་སྒོ་སྤེལ་བའི་དུས་ཚོད་ཡིན་པ་དང་ཟླ་9ཚེས་21ནས་ཚེས་30ཉིན་བར། རང་ལྗོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བྱེད་སྒོའི་བཀོད་སྒྲིག་གཞིར་བཟུང་རང་འགུལ་ངང་ཞུགས་པ་དང་སྒྲིག་འཛུགས་བྱས་ནས་ལག་བསྟར་བྱ་རྒྱུ་རེད།

    བྱེད་སྒོ་སྤེལ་རིང་། རྩ་ཁྲིམས་དྲིལ་བསྒྲགས་གཙོ་གནད་དུ་བཟུང་སྟེ་རྟེན་འབྲེལ་གྱི་བྱེད་སྒོ་རྒྱ་ཁྱབ་ཏུ་སྒྲིག་འཛུགས་བྱས་ནས་སྤེལ་རྒྱུ་དང་། མང་ཚོགས་རང་བཞིན་གྱི་ཁྲིམས་སྐྱོང་དྲིལ་བསྒྲགས་ལ་དམིགས་ཏེ་རྟེན་འབྲེལ་གྱི་བྱེད་སྒོ་རྒྱ་ཁྱབ་ཏུ་སྒྲིག་འཛུགས་བྱས་ནས་སྤེལ་རྒྱུ། དྲ་སྦྲེལ་བར་སྟོང་གི་ཁྲིམས་སྐྱོང་དྲིལ་བསྒྲགས་ལ་དམིགས་ཏེ་རྟེན་འབྲེལ་གྱི་བྱེད་སྒོ་རྒྱ་ཁྱབ་ཏུ་སྒྲིག་འཛུགས་བྱས་ནས་སྤེལ་རྒྱུ། བཅའ་ཁྲིམས་ཁྱབ་གདལ་བྱ་ཡུལ་གཙོ་བོར་དམིགས་ཏེ་རྟེན་འབྲེལ་གྱི་བྱེད་སྒོ་རྒྱ་ཁྱབ་ཏུ་སྒྲིག་འཛུགས་བྱས་ནས་སྤེལ་རྒྱུ་བཅས་རེད།

    བྱེད་སྒོ་སྤེལ་རིང་། རང་ལྗོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་འགོ་ཁྲིད་དང་ལས་བྱེད་པ་དང་། དགོན་པའི་གྲྭ་བཙུན། གཞོན་ནུ་ལོ་ཆུང་། ཞིང་འབྲོག་པ་བཅས་ལ་དམིགས་ཏེ། དོན་དངོས་དང་ཟུང་འབྲེལ་གྱིས་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ལྟ་འདོད་ལ་ཉན་སྤྲོ་བ་དང་མང་ཚོགས་དང་འབྲེལ་འདྲིས་ཆེ་བའི་དྲིལ་བསྒྲགས་བྱེད་སྟངས་སྤྱད་དེ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ཁྲིམས་སྐྱོང་གི་འདུ་ཤེས་ཟབ་ཏུ་དང་ཁྲིམས་ལུགས་ཀྱི་བྱང་ཚད་ལེགས་སུ་གཏོང་རྒྱུ་དང་། “ཁྲིམས་ལུགས་གཤམ་སྤེལ་བདུན”གྱི་གཞི་རྟེན་དང་ཟུང་འབྲེལ་དམ་ཟབ་བྱེད་པའི་ཐོག“དྲ་སྦྲེལ+”གསར་དར་སྨྱན་སྦྱོར་ཧུར་ཐག་སྤྱད་དེ། མང་ཚོགས་ཀྱི་ཁྲིམས་སྐྱོང་གི་དགོས་མཁོ་བསྐང་རྒྱུ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།