[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • བོད་ལྗོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས “ཁུན་ལུན”བྱ་སྤྱོད་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-02

     རྒྱལ་ཡོངས་ཀྱི་སྤྱི་བདེའི་ལས་དོན་ཚོགས་འདུའི་ཐོག་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ལས་དོན་སྐོར་གྱི“ནན་ཤོས་བཞིའི”མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་བཟའ་བཅའ་དང་། སྨན་རྫས། ཁོར་ཡུག དབང་གནོད་རྫུན་བཟོ་སོགས་ཀྱི་དམངས་འཚོའི་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་ཉེས་གསོག་ལ་རྡུང་རྡེག་ནན་པོ་གཏོང་བ་དང་སྤྱི་བདེ་པུའི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། བོད་ལྗོངས་ཉེན་རྟོག་ཕྱོགས་ཀྱིས་ཟླ་བདུན་པའི་ཟླ་མཇུག་ནས་ལོ་མཇུག་བར། བཟའ་བཅའ་དང་། སྨན་རྫས། ཁོར་ཡུག་བཅས་ཀྱི་ཉེས་གསོག་ལ་རྡུང་རྡེག་གཏོང་བའི“ཁུན་ལུན”བྱ་སྤྱོད་གཅིག་སྡུད་སྤེལ་བ་རེད།

    “ཁུན་ལུན”བྱ་སྤྱོད་སྔར་བས་གཏིང་ཟབ་སྤེལ་བར་སྐུལ་འདེད་གཏོང་ཆེད། རྒྱ་ཆེའི་མང་ཚོགས་ཚོས་གཤམ་གསལ་གྱི་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་ཤེས་ཚེ། དུས་ཐོག་ཏུ་ཁྲིམས་འགལ་ཉེས་གསོག་གི་ཁུངས་སྣེ་སྙན་སེང་ཞུ་ཆོག་པ་དང་། རྩད་ཆོད་གསལ་པོ་ཐུབ་ན་རང་ལྗོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་འབྲེལ་ཡོད་སྡེ་ཚན་དང་ལྷན་དུ་ཁྲིམས་དང་སྒྲིག་སྲོལ་གཞིར་བཟུང་ཐག་གཅོད་བྱེད་རྒྱུ་སྟེ།

    —— བཟའ་བཅའི་བདེ་འཇགས་ལ་གནོད་འཚེ་བཟོ་བའི་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་གཏོང་བའི་རིགས་དང་།

    —— སྨན་རྫས་བདེ་འཇགས་ལ་གནོད་འཚེ་བཟོ་བའི་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་གཏོང་བའི་རིགས།

    —— དབང་གནོད་དང་རྫུན་བཟོའི་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་གཏོང་བའི་རིགས།

    —— སྣོད་བཅུད་ཁོར་ཡུག་ལ་གཏོར་སྐྱོན་གཏོང་བའི་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་གཏོང་བའི་རིགས་བཅས་སོ།

    ཟླ་9ཚེས་6ཉིན། ལྗོངས་སྤྱི་བདེ་ཐིང་གིས་ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་བཟའ་བཅའ་དང་སྨན་རྫས། ཁོར་ཡུག་གི་ཉེས་གསོག་ལ་རྡུང་རྡེག་གཏོང་བའི“ཁུན་ལུན”བྱ་སྤྱོད་ཀྱི་ལྟ་སྐུལ་ཐེར་འདོན་ཁ་པར་དང་ཐེར་འདོན་བྱེད་སྟངས་ཡོངས་བསྒྲགས་བྱས་ཤིང་། ཐེར་འདོན་ཁ་པར་ཨང་གྲངས་ནི། 0891—6311167དང་6311179 ཐེར་འདོན་ཡི་གེ་བསྐུར་ཡུལ་ཚན་པ་ནི། བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་བདེ་འཇགས་དོ་དམ་སྤྱི་ཁྱབ་རུ་ཁག ས་གནས། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གླིང་སྐོར་ཤར་ལམ་སྒོ་རྟགས་26 སྦྲག་ཨང་850000རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།