[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ཁྲིམས་སྲོལ་དང་སྒྲིག་སྲོལ་ཐོ་འགོད་སྙན་སེང་ཞིབ་དཔྱད་སོཌ་ལས་དོན་གྱི་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུཌ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-06

    ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་སྐྱོང་གི་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་ཁྲིམས་སྐྱོང་ལྟ་ཞིབ་ལས་དོན་གྱི་དགེ་མཚན་ལྡན་པའི་ནུས་པ་སྔར་ལས་ལེགས་པའི་སྒོ་ནས་འདོན་པ་དང་ཁྲིམས་སྐྱོང་ལྟ་ཞིབ་དཔུང་ཁག་གི་ཆེད་ལས་འཇོན་ཐང་ཆེ་རུ་གཏོང་ཆེད། ཉེ་ཆར། རང་སྐྱོང་ལྗོངས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་དང་འགན་འཁྲི་དོན་འཁྱོལ་ལྟ་ཞིབ་དང་ཁྲིམས་སྲོལ་དང་། སྒྲིག་སྲོལ། ཐོ་འགོད་སྙན་སེང་། ཞིབ་དཔྱད་བཅས་ལས་དོན་གྱི་གསོ་སྦྱོང་འཛིན་གྲྭ་ཉིང་ཁྲིར་སློབ་འགོ་ཚུགས་པ་རེད།

    གསོ་སྦྱོང་འཛིན་གྲྭར“ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་དང་འགན་འཁྲི་དོན་འཁྱོལ་ལྟ་ཞིབ་དང་། ཁྲིམས་སྲོལ་དང་། སྒྲིག་སྲོལ། ཐོ་འགོད་སྙན་སེང་། ཞིབ་དཔྱད་བཅས་ལས་དོན་གྱི་གསོ་སྦྱོང་འཛིན་གྲྭ”གཉེར་བ་ནི་ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་སྐྱོང་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་སྐུལ་འདེད་མྱུར་པོ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་རེད། དེའི་དམིགས་ཡུལ་གཙོ་བོ་ནི་ལས་ཁུངས་སྒྱུར་བཅོས་བྱས་རྗེས་ཀྱི་ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་དང་ཁྲིམས་འཛིན་སྲིད་འཛིན་གྱི་གཙོ་གནད་ལས་དོན་ཁོང་དུ་ཡང་དག་ཆུད་པ་དང་། ལྗོངས་ཡོངས་ཀྱི་ལས་དོན་གྱི་སྤྱི་ཡོངས་ལ་དམིགས་ཏེ་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་དང་འགན་འཁྲི་དོན་འཁྱོལ་དང་ལྟ་ཞིབ་ལས་དོན་དང་ཁྲིམས་སྲོལ་དང་། སྒྲིག་སྲོལ། ཐོ་འགོད་སྙན་སེང་། ཞིབ་དཔྱད་བཅས་ཀྱི་འགན་འཁྲི་དང་ལས་འགན་དོན་འཁྱོལ་གནད་སྨིན་ཡོང་བ་བྱ་ཆེད་ཡིན་ཞེས་བསྟན་པ་རེད།

    གསོ་སྦྱོང་འཛིན་གྲྭར་སློབ་མ་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་ལག་ལེན་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་ཏེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང“གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་དགོས། ཞིབ་ཕྲའི་དོ་དམ་གྱི་བླང་བྱ་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་གི་ཕྱོགས་ཁག་ལ་དོན་འཁྱོལ་བྱས་ཏེ་ལས་དོན་ཚད་ལྡན་ཅན་དང་ཚད་གཞི་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། རང་ངོས་ཁྲིམས་སྐྱོང་གི་བསམ་གཞིགས་སྐྱེད་སྲིང་ཧུར་ཐག་བྱས་ཏེ་དོན་དག་སྒྲུབ་སྐབས་ཁྲིམས་ལ་གཞིགས་པ་དང་། དོན་དག་འཕྲད་སྐབས་ཁྲིམས་ལ་གཏུགས་པ། གནད་དོན་འཕྲད་སྐབས་ཁྲིམས་སྤྱོད་པ། འགལ་ཟླ་སེལ་སྐབས་ཁྲིམས་ལ་བརྟེན་པ་བཅས་ཀྱི་རང་རྟོགས་ཤུགས་ཆེར་གཏོང་བར་སྐུལ་འདེད་བཏང་སྟེ་ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་དང་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལས་དོན་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་འཁུར་སེམས་དང་། ལས་འགན་སྒྲུབ་སེམས། ཁ་ཚ་དགོས་གཏུག་གི་བསམ་པ་བཅས་ཆེ་རུ་ཏན་ཏིག་གཏོང་དགོས་པའི་ནན་བཤད་བྱས་པ་རེད།

    ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་ཁག་གི་ཁྲིམས་ལྟར་བོད་སྐྱོང་གི་གྲོས་མོལ་མཐུན་སྦྱོར་སྒྲིག་གཞི་དང་སྲིད་འཛིན་ཁྲིམས་འཛུགས་དང་ཁྲིམས་སྲོལ་དང་། སྒྲིག་སྲོལ། ཐོ་འགོད་སྙན་སེང་། ཞིབ་དཔྱད་བཅས་ཀྱི་ལས་དོན་གྱི་འགན་འཁུར་བློ་མཐུན་དང་ལས་དོན་པ་60ལྷག་ཙམ་གསོ་སྦྱོང་ནང་ཞུགས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།