[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ​ ལྷོ་ཁ་གྲོང་ཨུད་དྲ་འཕྲིན་གཞུང་ལས་ཁང་གི་ཏང་ཡོན་ལས་བྱེད་པ་ཁེ་གསུམ་གྲོང་ཚོར་བསྐྱོད་ནས་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-29

    liy9a921_s.jpg

     ལྷོ་ཁ་གྲོང་ཨུད་དྲ་འཕྲིན་གཞུང་ལས་ཁང་གིས་ཏང་ཀྲི་པུའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོའི་ནང་དོན་དང་ཟུང་འབྲེལ་བྱས་ཏེ། ལས་ཁུངས་སུ་ཡོད་པའི་ཏང་ཡོན་ལས་བྱེད་པ་ཡོངས་སྒྲིག་འཛུགས་ཀྱིས་བོད་ཀྱི་རྒྱལ་གཅེས་རིང་ལུགས་སློབ་གསོའི་རྟེན་གཞི་དང་དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་དང་པོ་སྟེ། ཁེ་གསུམ་གྲོང་ཚོར་བསྐྱོད་ནས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་ལེན་བྱས་པ་རེད།

    འགྲེལ་བཤད་རྒྱག་མཁན་གྱི་སྣེ་ཁྲིད་འོག དྲ་འཕྲིན་གཞུང་ལས་ཁང་གི་ཏང་ཡོན་ལས་བྱེད་ཡོངས་ཀྱིས་བོད་གསར་རྙིང་བསྡུར་བའི་པར་རིས་འགྲེམས་སྟོན་ཁང་ལ་ལྟ་སྐོར་བྱས་ཤིང་། དེའི་ནང་བོད་རྙིང་པའི་ཞིང་བྲན་ལམ་ལུགས་ཀྱི་གདུག་རྩུབ་དང་ཞིང་བྲན་གྱི་ཡ་ང་བའི་འཚོ་བ་དངོས་མཚོན་ཡོད་ཁར། དམངས་གཙོའི་བཅོས་སྒྱུར་རྗེས་ཀྱི་ཞིང་བྲན་རྣམས་ཡར་ལངས་བྱུང་ནས་བདག་པོར་གྱུར་པའི་ཉམས་དགའ་བའི་རྣམ་པའང་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་དང་དེ་བཞིན་ཏང་གི་དམིགས་བསལ་སྲིད་ཇུས་ལས་བོད་ཀྱི་ཞིང་འབྲོག་ཁུལ་གྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། འཚོ་བ་བཅས་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་མཚོན་པ་མ་ཟད་ཁེ་གསུམ་གྲོང་ཚོའི་ཁྱིམ་ཚང་དཀྱུས་མའི་ཕུན་སུམ་ཚོགས་པའི་འཚོ་བའང་མངོན་ཡོད། ཉམས་དགའ་བའི་པར་རིས་རེ་རེ་ལས་ཁེ་གསུམ་གྲོང་ཚོ་ཞིང་བྲན་ལམ་ལུགས་ཀྱི་སྤྱི་ཚོགས་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་སུ་འཕོ་འགྱུར་བྱུང་ཚུལ་གང་ལེགས་མངོན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།