[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ​ “ཨ་ཕ་ལགས། དག་ཞིང་ན་ཁྱེད་ལ་བློ་འགྱོད་མེད་པར་སྨོན”

    དམིཌ་བསལ་ཉེན་རྟོག་པ་ངག་དབང་འགྱུར་མེད་ཀྱིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་རྟེན་འབྲེལ་ཆེ་མོའི་རིང་ལས་གནས་བརྟན་སྲུང་བྱས་པའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-29

    ཨ་ཕ་གློ་བུར་དུ་གྲོངས་པ་ནི་ངག་དབང་འགྱུར་མེད་ཀྱི་སེམས་སུ་ནམ་ཡང་གསབ་ཐབས་བྲལ་བའི་འགྱོད་གདུང་དང་བློ་ཕམ་ཞིག་ཡིན། ངག་དབང་འགྱུར་མེད་ནི་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་སྤྱི་བདེ་ཅུས་དམིགས་བསལ་ཉེན་རྟོག་རུ་ཆེན་གྱི་དམིགས་བསལ་ཉེན་རྟོག་པ་ཞིག་ཡིན། ཉེན་རྟོག་པ་བྱས་པ་ནས་བཟུང་། ལས་བཀུར་ལས་ལྷག་བསམ་མཚོན་པ་དང་། འགན་འཁྲིར་བརྟེན་ནས་འགན་འཁྲི་ཁུར་སེམས་མཚོན་པར་བྱས་པ། “མི་དམངས་སྤྱི་བདེས་མི་དམངས་ཀྱི་དོན་ལ་འབད”པའི་ཁས་ལེན་ནན་པོ་རང་རྟོགས་ངང་ལག་བསྟར་བྱས་པ། དུས་སྐབས་གསར་པའི་མི་དམངས་ཉེན་རྟོག་པའི་གཟུགས་བརྙན་ཡག་པོ་གཏོད་པ་བཅས་བྱས་པར་བརྟེན། ལས་རོགས་ཚོ་དང་གོང་རིམ་འགོ་ཁྲིད་ཀྱི་གདེང་འཇོག་ཡག་པོ་ཐོབ་པ་རེད།

    གཅིག་བྱས་ན་སྤྱི་བདེའི་བྱ་གཞག་ལ་རྩེ་གཅིག་ཏུ་གཞོལ་བའི་རྐྱེན་གྱིས་ཡིན་ཤས་ཆེ། ངག་དབང་འགྱུར་མེད་ལ་ཁྱིམ་གྱི་དོན་དག་ལ་དོ་སྣང་བྱེད་པའི་གོ་སྐབས་ཧ་ཅང་ཉུང་། ཐ་ན་ཨ་ཕ་མ་གྲོངས་གོང་སོ་སོའི་བུ་སླར་ཡང་ལན་གཅིག་མཐོང་འདོད་པའི་རེ་བའང་སྐོང་མ་ཐུབ། དེ་ལྟར་ཚེ་འདི་ཕྱི་གཉིས་ཀྱི་མཚམས་སུ་ཨ་ཕ་དང་ངག་དབང་འགྱུར་མེད་ཀྱི་ནམ་ཡང་འགྲུབ་ཐབས་མེད་པའི་བློ་འགྱོད་དུ་གྱུར།

    2019ལོའི་ཟླ་9པར། གྲོང་ཁྱེར་ཅུས་དང་རྫོང་ཅུས་ཀྱི་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་ལྟར། ངག་དབང་འགྱུར་མེད་དང་ལས་རོགས་14དམིགས་བསལ་ཉེན་རྟོག་རྐང་འཛིན་པ་བྱས་ནས་གྲོང་ཁྱེར་ཅུས་སུ་མངགས་ཏེ་ལས་འགན་བསྒྲུབས། ངག་དབང་འགྱུར་མེད་ཀྱིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་རྟེན་འབྲེལ་ཆེ་མོའི་བདེ་སྲུང་ལས་འགན་ལ་གཅེས་སྤྲས་ཆེན་པོ་བྱེད་པ་དང་དེ་བས་ཀྱང་དེ་ནི་རང་ཉིད་ལ་སྦྱོང་བརྡར་སྤྲོས་པའི་གོ་སྐབས་ཡག་པོར་བརྩིས་ཡོད། ནང་སྦྱོང་ལས་འགན་སྐབས། ཁོང་གིས་ཧུར་ཐག་འབད་ཐག་དང་དཀའ་ངལ་ཁྱད་བསད་བྱས་ནས། ནང་སྦྱོང་གི་ཇུས་གཞི་ལྟར་རང་འགན་གཙང་སྒྲུབ་དང་ལས་གནས་བརྟན་སྲུང་བྱས་པས་ནང་སྦྱོང་འགོ་ཁྲིད་པའི་ཁས་ལེན་དང་གདེང་འཇོག་བཟང་པོ་ཐོབ་པ་རེད།

    ཟླ་9ཚེས་28ཉིན། ལྗོངས་ཡོངས་ཀྱི་ལོ་ངོ་70ཡི་རྟེན་འབྲེལ་ཆེ་མོའི་བདེ་སྲུང་གི་རིམ་པ་དང་པོའི་འགོག་ཟོན་གྲ་སྒྲིག་སྐབས། ཨ་ཕ་ན་ནས་གྲོངས་པའི་གཏམ་ངན་ཐོས། ངག་དབང་འགྱུར་མེད་ཀྱིས་ལས་རོགས་ཚོའི་མདུན་དུ་ཡུན་རིང་ཁ་ཁུ་སིམ་པོར་བསྡད་ཅིང་མིག་ཆུ་ཡང་བཏང་མེད།

    ངག་དབང་འགྱུར་མེད་དང་མཉམ་དུ་ལས་ཀ་བྱེད་བཞིན་པའི་རུ་མི་རྣམས་ཀྱིས་ཤེས་གསལ་ལྟར་ན། ཁོང་ནི་སྨྲ་བརྗོད་ཉུང་ལ་ཁེ་གྲགས་མི་གཉེར་མཁན་ཞིག་ཡིན་ནའང་བསམ་བློར་ནམ་ཡང་དམ་ཚིག་གཅིག་ཡོད་པ་ནི། ཚད་ལོན་པའི་སྤྱི་བདེའི་ཉེན་རྟོག་པ་ཞིག་དང་གནོང་འགྱོད་མེད་པའི་དམིགས་བསལ་ཉེན་རྟོག་པ་ཞིག་བྱ་རྒྱུ་དེ་ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།