[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ལྷ་ས་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ལས་བྱེད་པ་དང་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་སྲིད་གཙང་ཉེན་བརྡའི་སློབ་གསོའི་རྟེན་གཞིར་ལྟ་སྐོར་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-05

    ཉེ་དུས། ལྷ་ས་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའི་ཁོངས་མི་དང་ཀྲི་པུའུ་ཁག་གི་འགན་ཁུར་བ་སོགས་ཁྱོན་མི་21ལྷ་སའི་སྲིད་གཙང་ཉེན་བརྡའི་སློབ་གསོའི་རྟེན་གཞིར་བསྐྱོད་དེ་ལྟ་སྐོར་སློབ་སྦྱོང་བྱས་པ་རེད།

    སློབ་གསོའི་ཉེན་བརྡའི་རྟེན་གཞིར་ལྟ་སྐོར་བྱས་པ་བརྒྱུད། ལྟ་སྐོར་བ་ཚོར་སེམས་ཁམས་ཀྱི་ཞུན་བརྡར་དང་སློབ་གསོ་ཐེངས་ཤིག་ཐེབས་པ་དང་། ལྐོག་ཟ་རུལ་སུངས་པས་ཏང་གི་སྒྲིག་ཁྲིམས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལ་རྡོག་རོལ་བཏང་བའི་མཇུག་འབྲས་ཚབས་ཆེན་མཐོང་ནས་སྤྱོད་གཙང་ཁྲིམས་འཛིན་གྱི་གལ་ཆེའི་རང་བཞིན་ལ་མྱོང་ཚོར་ཏན་ཏིག་བྱུང་བ་རེད། དེ་དང་དུས་མཚུངས། ལས་བྱེད་པ་ཚང་མར་དུས་རྟག་ཏུ་རིག་པ་དྭངས་གསལ་རྒྱུན་འཁྱོངས་ཀྱིས་རང་ཉིད་ལ་རེ་བ་ནན་པོ་འདོན་པ་དང་། ཏང་གི་སྒྲིག་ཁྲིམས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལ་རང་རྟོགས་ངང་བརྩི་སྲུང་ཞུ་བ། སྤྱོད་གཙང་གི་རང་གཤིས་དུས་ནམ་ཡང་གནས་པ། རུལ་རྒོལ་འགྱུར་འགོག་གི་བསམ་བློའི་འགོག་སྲུང་འཛིང་རགས་སྔར་བས་བརྟན་དུ་གཏོང་བ། ཡང་དག་པའི་དབང་ཆའི་ལྟ་བ་དང་། གོ་གནས་ཀྱི་ལྟ་བ། ཁེ་ཕན་གྱི་ལྟ་བ་བཅས་ཟབ་ཏུ་གཏོང་བ་བཅས་བྱས་ནས་མི་དམངས་ལ་ཁྲིམས་འཛིན་ཞབས་འདེགས་དེ་བས་ལེགས་པ་ཞུ་རྒྱུའི་སློབ་གསོ་ཐེབས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།