[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ལྗོངས་ཁྲིམས་འཛིན་ཐིང་གི་སྒྲིག་བཤེར་ལས་བྱེད་པ་27གྱིས།

    གཞི་རིམ་དུ་བསྐྱོད་ནས་ལས་འགན་བསྒྲུབ་རྒྱུ་ཡིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-31

    ཉེ་ཆར། རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གི་སྒྲིག་བཤེར་ལས་བྱེད་པ་27གྱིས་ལས་འགན་མ་འཁུར་གོང་གི་མཉམ་སྡེབ་གླེང་མོལ་དང་ལེན་བྱས་པ་མ་ཟད་གཞི་རིམ་དུ་ཐེངས་དང་པོར་ལས་འགན་སྒྲུབ་པར་བསྐྱོད་རྒྱུ་ཡིན་པ་རེད།

    རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་ཏང་ཨུད་ཀྱི་ཨུ་ཡོན་དང་ཐིང་དུ་བཅའ་སྡོད་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་གི་ཙུའུ་ཀྲང་ཐེན་རུང་ཁྲའོ་ཡིས། རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གི་རིམ་གཉིས་ཚན་པས་སྒྲིག་ཨུད་བཙུགས་པ་ནི་ཁྲིམས་འཛིན་ཐིང་ཁོངས་གཏོགས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་འཐབ་རྩོད་ཀྱི་བྱ་ཐབས་གལ་ཆེན་ཞིག་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོཌ་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་ལྟ་སྐུལ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་ཁྲིམས་འཛིན་ཐིང་ཁོངས་གཏོགས་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་གལ་ཆེན་ཞིག ཁྲིམས་འཛིན་ཐིང་ཏང་ཨུད་ཀྱིས་སྤྱི་འདོམས་ངང་བསམ་གཞིག་བྱས་ནས་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཕྱོགས་སྡོམ་བྱས་ཏེ་བཏོན་པའི་གཏན་འབེབས་ཤིག རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་དང་ཁྲིམས་འཛིན་ཐིང་ཏང་ཨུད་ཀྱིས་ཐིང་ཁོངས་གཏོགས་ཀྱི་ཐད་གཏོགས་ལས་ཁུངས་ཁག་གི་སྒྲིག་ཨུད་གྱི་དུས་ཡུན་རིང་པོར་ལྷག་པའི་སྒྲིག་བཤེར་ལས་བྱེད་པའི་ལས་འགན་གཅིག་ལྕོགས་ཀྱི་རྙིང་ཆེ་དཀའ་གསུམ་གྱི་གནད་དོན་ཐག་གཅོད་པའི་དགེ་མཚན་ལྡན་པའི་ཐབས་ལམ་ཞིག་བཅས་ཡིན་ལ། ཁྲིམས་འཛིན་ཐིང་ཁོངས་གཏོགས་ཀྱི་སྒྲིག་བཤེར་ལྟ་ཞིབ་སྒྲིག་སྲོལ་སྒྱུར་བཅོས་ལས་དོན་གྱི་ལག་ལེན་གལ་ཆེན་ཞིག་དེ་བས་ཀྱང་ཡིན་ཞེས་བརྗོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།