[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ཆབ་མདོའི་ཉེན་རྟོག་པས་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་དྲ་བ་བཏོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-31

    འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་དོ་དམ་ལས་དོན་ལ་སྔར་བས་དམ་འཛིན་ཡག་པོ་བྱས་ཏེ་འགྲོ་ལམ་འགྲིམ་འགྲུལ་ལས་འཛོལ་མི་ཐོན་པ་དང་ཁོངས་གཏོཌ་ཁུལ་གྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་དུས་བབ་རྒྱུན་མཐུད་ངང་བརྟན་པོ་ཡོང་བར་འགན་ལེན་ནུས་ལྡན་བྱ་ཆེད། དགུན་ཁ་ཤར་ཚུན། ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་རླངས་འཁོར་སྣ་ཚོགས་ལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཙོ་གནད་རླངས་འཁོར་གྱི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་རྒྱག་པ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་སེལ་རྒྱུར་དམ་འཛིན། ཚན་རིག་དང་མཐུན་པའི་ངང་བྱེད་སྟངས་ལེགས་སྒྲིག ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་ཀྱི་ཐོག་ནས་དགུན་དུས་ཀྱི་འགྲིམ་འགྲུལ་བདེ་འཇགས་ལས་ཀའི་སྲུང་རགས་ཁྱོན་ཡོངས་ནས་བརྟན་དུ་བཏང་ཡོད།

    འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་སློབ་མ་བསུ་སྐྱེལ་རླངས་འཁོར་གྱི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་ཁོངས་གཏོགས་ཁུལ་གྱི་སློབ་མ་བསུ་སྐྱེལ་རླངས་འཁོར་ལ་སླར་ཡང་བརྟག་དཔྱད་མཐིལ་རྟོགས་དང་ཐོ་འགོད་ཞིབ་ཚགས་བྱས་པ་དང་། སློབ་མ་བསུ་སྐྱེལ་རླངས་འཁོར་གྱི་ཁ་ལོ་བར་བདེ་འཇགས་སློབ་གསོ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ཡོད། སློབ་མ་བསུ་སྐྱེལ་རླངས་འཁོར་ལ་ཆེད་དོན་བཅོས་སྒྲིག་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་སློབ་མ་བསུ་སྐྱེལ་རླངས་འཁོར་ནང་མི་ཚད་བརྒལ་ངང་བླུག་པ་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ཞིབ་བཤེར་ནན་པོ་དང་ཐག་གཅོད་ནན་པོ་བྱས་ནས། སློབ་མ་བསུ་སྐྱེལ་རླངས་འཁོར་གྱི་ཆེད་དོན་བཅོས་སྒྲིག་ལས་དོན་དོན་ཐོག་ཏུ་འཁྱོལ་རྒྱུའི་འགན་ལེན་ཧུར་ཐག་བྱས་ཡོད་ལ། རྒྱ་ཆེའི་སློབ་མའི་བདེ་འཇགས་ཀྱང་འགན་ལེན་ཧུར་ཐག་བྱས་ཡོད། གཞན་ཡང་ཟོག་འདྲེན་རླངས་འཁོར་གྱི་བདེ་འཇཌ་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་གནས་གཏན་འཁེལ་གྱི་ཞིབ་བཤེར་དང་སྐོར་གཡེང་ལྟ་འདོམས་ཟུང་འབྲེལ་གྱི་རྣམ་པ་སྤྱད་ཅིང་། གཅིག་སྡུད་བཅོས་སྒྲིག་དང་ས་ཁོངས་བཅོས་སྒྲིག་ཟུང་འབྲེལ་གྱིས་ཟོག་འདྲེན་རླངས་འཁོར་སྣ་ཚོཌ་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་ཞིབ་བཤེར་བྱས་ཐོག ཟོག་འདྲེན་རླངས་འཁོར་གྱི་ངལ་དུབ་ཆེ་བར་འཁོར་གཏོང་དང་། ཤོང་ཚད་ལས་བརྒལ་བར་འཁོར་གཏོང་། ཨང་རྟགས་དང་ལག་ཁྱེར་མེད་པར་འཁོར་གཏོང་། ཉེན་ཐག་མ་བཅིངས་པར་འཁོར་གཏོང་སོགས་ཀྱི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།