[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • བུ་མོ་ཆུང་ཆུང་མཚན་དགུང་ཁྱིམ་ནས་དོན། ཉེན་རྟོག་པ་ཡིས་ཕ་མའི་འཁྲིས་སུ་བསྐྱལ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-31

    liy9c6c78_s.jpg

    ཉེ་ཆར། ཁྲེང་ཀོན་ཆུས་སྤྱི་བདེ་ཅུས་ཀརྨ་དགོན་གསར་མངག་གཏོང་ཁང་བདེ་འཇགས་རུ་འབྲིང་གི་མི་དམངས་ཉེན་རྟོག་པས་ཁོངས་གཏོགས་ཁུལ་དུ་མཚན་མོའི་སྐོར་གཡེང་སྔོན་འགོག་ཚོད་འཛིན་གྱི་ལས་དོན་སྤེལ་སྐབས། ་རྐང་རྗེན་མ་ཡིན་པ་དང་། ནང་འཇམ་མ་གཏོགས་གྱོན་མེད་པའི་བུ་མོ་ཆུང་ཆུང་ཞིག་ཁྲོམ་དུ་གང་སར་རྒྱུག་བཞིན་པ་མཐོང་བ་རེད། གནས་ཚུལ་དེ་ཤེས་མ་ཐག་མི་དམངས་ཉེན་རྟོག་པས་འཕྲལ་མར་བུ་མོ་དེའི་གམ་དུ་ཕྱིན་ནས་སྐད་ཆ་དྲིས་པ་རེད། སྐད་ཆ་འདྲི་རིང་། མི་དམངས་ཉེན་རྟོག་པས་བུ་མོ་ཆུང་ཆུང་དེས་སྐད་ཆ་ཡག་པོ་ཤོད་མི་ཐུབ་པས་རང་ཉིད་དང་ཕ་མའི་མིང་དང་ཁྱིམ་ཚང་གི་གནས་ཡུལ་གསལ་པོ་མཁོ་འདོན་བྱེད་མི་ཐུབ་པ་ཤེས་རྟོགས་བྱུང་བ་རེད།

    མཚན་མོ་གྲང་ངར་ཆེ་བ་དང་ཕར་འགྲོ་ཚུར་འོང་གི་རླངས་འཁོར་མང་བས་མི་དམངས་ཉེན་རྟོག་པས་བུ་མོ་ཆུང་ཆུང་དེར་བསམ་ཡུལ་འདས་པའི་གནས་ཚུལ་ཐོན་རྒྱུའི་སེམས་ཁྲལ་སྐྱེས་ནས། མངག་གཏོང་ཁང་དུ་ཁྲིད་པ་དང་འབྲེལ་རྔན་པ་དང་རྩེད་ཆས་སོགས་ཉོས་ཏེ་སེམས་གསོ་བཏང་བ་རེད། དེ་རྗེས་མི་དམངས་ཉེན་རྟོག་པས་འཕྲལ་མར་ཁོངས་གཏོགས་ཁུལ་དུ་སྐད་ཆ་འདྲི་བར་བསྐྱོད་ཀྱང་བུ་མོ་ཆུང་ཆུང་གི་ནང་མི་རྙེད་མེད། མི་དམངས་ཉེན་རྟོག་པས་ཆུ་ཚོད་3རིང་འབད་བརྩོན་བྱས་པ་བརྒྱུད། མཐར་ཀརྨ་དགོན་གསར་གྱི་གྲོང་མིའི་ཁུལ་ཞིག་ནས་བུ་མོ་ཆུང་ཆུང་གི་ཨ་མ་ཕུར་ཆེ་གེ་མོ་རྙེད་པ་རེད།

    ཕུར་ཆེ་གོ་མེས་བཤད་པ་གཞིགས་ན། བུ་མོ་ཆུང་ཆུང་དེར་ཤེས་པ་འཆོལ་བའི་ནད་ཕོག་ཡོད་པ་དང་། ཟླ་12ཚེས་12ཉིན་གྱི་དགོང་མོར་ཕུར་ཆེ་གེ་མོ་གཉིད་དུ་ཡུར་བའི་སྐབས་དང་བསྟུན་ནས་གཅིག་པུར་རང་ཁྱིམ་ནས་དོན་པ་རེད། སྟབས་ལེཌ་པ་ཞིག་ལ་མི་དམངས་ཉེན་རྟོག་པས་དུས་ཐོག་ཏུ་མཐོང་སྟེ་བསམ་ཡུལ་ལས་འདས་པའི་གནས་ཚུལ་ཐོན་མེད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།