[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྤྱི་ཁྱབ་རུ་ཁག་གི་ཁག་བདུན་པའི་གྲོང་སྡོད་ལས་དོན་རུ་ཁག་རྡོག་ཐོན་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-09

    ཉིན་ཤས་གོང་། བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྤྱི་ཁྱབ་རུ་ཁག་གིས་ཁག་དྲུག་པའི་གྲོང་སྡོད་ལས་དོན་རུ་ཁག་ཕྱིར་ལོག་པ་དང་ཁག་བདུན་པའི་གྲོང་སྡོད་ལས་དོན་རུ་ཁག་རྡོག་ཐོན་བྱེད་པའི་མཛད་སྒོ་འཚོགས་པ་རེད། བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྤྱི་ཁྱབ་རུ་ཁག་གི་སྤྱི་ཁྱབ་རུ་དཔོན་ཀའོ་དབན་ཧའེ་ཡིས་གཏམ་བཤད་གནང་བ་མ་ཟད། རུ་མི་ཚོར་གོས་དར་སྤྲད་པ་དང་། བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྤྱི་ཁྱབ་རུ་ཁག་གི་ཆབ་སྲིད་ཨུ་ཡོན་ཡོན་པིན་གྱིས་མཛད་སྒོ་གཙོ་སྐྱོང་བྱས་པ་རེད།

    བཞུགས་མོལ་ཚོགས་འདུའི་ཐོག་ཁག་དྲུག་པའི་གྲོང་སྡོད་ལས་དོན་རུ་ཁག་གི་འཐུས་མི་བཞི་པོས་ལོ་གཅིག་རིང་གི་གྲོང་སྡོད་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྤེལ་རེས་དང་གྲོས་བསྡུར་བྱས་པ་དང་། ཁག་བདུན་པའི་གྲོང་སྡོད་ལས་དོན་རུ་ཁག་གི་འཐུས་མི་ཀྲའོ་ཅུན་གྱིས་གཏམ་བཤད་སྤེལ་བ་རེད།

    ཀའོ་དབན་ཧའེ་ཡིས་རང་སྐྱོང་ལྗོངས་ཀྱི“གཙོ་རྐང་གཅིག་ལག་བསྟར་དང་། ལས་འགན་ཁག་བདུན་ལེགས་གྲུབ། གྲུབ་འབྲས་གཅིག་སྲ་བརྟན། དམིགས་ཚད་གཅིག་མངོན་འགྱུར”བཅས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་། གྲོང་སྡོད་ལས་འགན་ཁ་གསལ་བཟོས་པ་དང་། མང་ཚོགས་ལ་རོགས་རམ་བྱ་རྒྱུར་གཞོལ་བ། གྲོང་སྡོད་ལས་ཀར་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ། བརྟན་ལྷིང་སྲུང་སྐྱོང་གི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་བ། སྒྲིག་ཁྲིམས་ཁག་ནན་པོ་སྲུང་བ་བཅས་བྱས་ཏེ་མང་ཚོགས་དང་ལག་གདང་སྦྲེལ་བ་དང་གཅིག་སེམས་གཅིག་ལ་བཅངས་ནས་གྲོང་སྡོད་ཀྱི་འགན་འཁྲི་ཏན་ཏན་ཏིག་ཏིག་ངང་ཁུར་ཏེ། གྲོང་སྡོད་ལས་ཀ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུའི་བརྩོན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།