[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གིས“བསྡུས་པ་གསུམ་དང་མཉམ་འདྲེས་གསུམ”གྱི་ཆེད་དོན་སློབ་གསོའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-09

     བསམ་བློ་སྔར་བས་གཅིག་གྱུར་དང་། རྨང་གཞི་བརྟན་གཏོང་། དཔུང་ཁག་བརྟན་པོ་བཅས་ཡོང་ཆེད། ཉེ་ཆར། དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གི་རྒྱབ་ཕྱོགས་མཁོ་སྒྲུབ་མཛོད་ཁང་གིས་གོང་རིམ་གྱི་བཀོད་སྒྲིག་ལ་གཞིགས་ནས“བསྡུས་པ་གསུམ་དང་མཉམ་འདྲེས་གསུམ”གྱི་ཆེད་དོན་སློབ་གསོའི་བྱེད་སྒོ་སྤེལ་བ་རེད།

    “བསྡུས་པ་གསུམ་དང་མཉམ་འདྲེས་གསུམ”ཞེས་པ་ནི“སྒྲིག་ཁོངས་དང་། སེམས་པ། སྟོབས་ཤུགས་བཅས་མཉམ་དུ་བསྡུས་ནས་ས་མཐོར་མཉམ་འདྲེས་དང་། དཔུང་ཁག་ནང་མཉམ་འདྲེས། འགན་འཁྲིའི་ནང་མཉམ་འདྲེས”བཅས་བྱ་རྒྱུ་དེ་ཡིན། ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་ཆེད་དོན་སློབ་གསོའི་བྱེད་སྒོ་དེ་མའོ་ཙེ་ཏུང་གི་དགོངས་པ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་མཛུབ་ཁྲིད་དུ་བྱས་ནས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་དང་ལྷག་པར་དུ་སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བའི་འཐབ་ཇུས་གལ་ཆེན་གྱི་དགོངས་པ་ནན་ཏན་ངང་ལག་ལེན་བསྟར་ནས་རྒྱ་ཆེའི་དཔོན་དམག་ཚོས་ས་མཐོར་སེམས་པ་གནས་ཏེ་ལེགས་སྐྱེས་ཕུལ་ནས་སེམས་ཐག་ཆོད་པོས་བོད་འཛུགས་སྐྲུན་ཆེད་བྱས་རྗེས་འཇོག་རྒྱུར་ཁྲིད་སྟོན་བྱས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།