[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • དཀའ་བ་དུ་མ་ཁྱད་དུ་བསད། དམག་སྦྱོང་ལས་ལ་འབྲས་བཟང་ཐོན།

    ​དྲག་ཆས་ཉེན་རྟོག་བོད་ལྗོངས་མཐའ་སྲུང་སྤྱི་ཁྱབ་རུ་ཁག་དམག་གསར་ཐོན་ཤོག་གི་དམག་སྦྱོང་དངོས་བྲིས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-09

    zhuy8118_s.jpg

    དྲག་ཆས་ཉེན་རྟོག་བོད་ལྗོངས་མཐའ་སྲུང་སྤྱི་ཁྱབ་རུ་ཁག་གི་2017ལོའི་ལོ་འཁོར་གྱི་དམག་གསར་ཐོན་ཤོག་ནི་རྒྱ་ཆེའི་དཔོན་དམག་ཚོས་སློབ་སྦྱོང་བྱེད་པའི་ཕུལ་བྱུང་མཉམ་སྡེབ་ཅིག་རེད། ཉིན་90ཡི་དམག་གསར་སྦྱོང་བརྡར་རིང་དཔུང་རུའི་རྗེས་སུ་ལུས་མཁན་དང་སྒྲིག་ཁྲིམས་ལས་འགལ་མཁན་གཅིག་ཀྱང་མེད། པུའུ་དང་ཅུས་དང་སྤྱི་ཁྱབ་རུ་ཁག་གི་འགོ་ཁྲིད་ཀྱི་བསྔགས་བརྗོད་དང་ཁས་ལེན་སྔ་རྗེས་སུ་ཐེངས་7ཐོབ་པ་དང་སྦྲགས། དམག་གསར་500ལྷག་ཙམ་ནས་དམག་མི་98%ཡན་ལ་དམག་སྦྱོང་མཇུག་འགྲིལ་སྐབས་དཔྱད་ཞིབ་ཕུལ་བྱུང་གི་ཚད་གཞི་ལོན་ཡོད་པ་རེད། གསར་དུ་ཞུགས་མ་ཐག་པའི་དམག་གསར་རྣམས་དེ་འདྲའི་ཕུལ་དུ་བྱུང་བའི་རྒྱུ་མཚན་གང་ཡིན་ནམ། དོགས་འཆར་མང་པོ་འཆང་བཞིན་གསར་འགོད་པས་དམག་གསར་ཐོན་ཤོག་ཏུ་བསྐྱོད།

    དམག་གསར་ཚོར་མཐའ་གཅིག་ཏུ་དོ་དམ་ནན་པོ་བྱས་པ།

    དོ་དམ་གྱི་ལས་ཀ་ནི་ཐོན་ཤོག་དེའི་དཔོན་དམག་ཡོངས་ལ་ཉིན་ལྟར་འཕྲད་པ་དང་། ཚང་མ་ཞུགས་པ། དུས་དང་རྣམ་པ་ཀུན་ཏུ་སྤེལ་བ་བཅས་ཀྱི་རྒྱུན་གཏན་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་ལས་དོན་ཞིག་ཡིན་པས། ལམ་ལུགས་ནན་པོ་ཁག་ཇི་མ་ཇི་བཞིན་དུ་དམག་གསར་ཐོན་ཤོག་ལ་དོན་འཁྱོལ་བྱེད་པའི་འགན་ལེན་བྱ་ཆེད་ཐོན་ཤོག་དེས་སྔ་བར་ཕྱི་གསུམ་དུ“ཁོངས་མི་ཚང་མར་ཁྱབ་པ་དང་། དུས་མཚམས་ཚང་མར་ལག་བསྟར། ཆ་རྐྱེན་ཚང་མ་དོན་འཁྱོལ”བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ནས་སྒྲིག་སྲོལ་ལམ་ལུགས་ལག་ལེན་བསྟར་རྒྱུ་ཚང་མར་ཁྱབ་པར་བྱས་པ་རེད།

    ཐོན་ཤོག་དེའི་ཇུས་འདོན་དཔོན་ཧའོ་ཝེ་ནན་གྱིས་བཀའ་ཁྲིམས་དང་སྲོལ་ཡིག་ནི་དཔུང་སྡེའི་དམག་སྐྱོང་དམག་ཁྲིད་ཀྱི་ཁྲིམས་གཞུང་ཡིན་པས། དཔུང་སྡེ་འཛུགས་སྐྱོང་དང་འཕེལ་རྒྱས་གཏོང་རིང་རྨང་རྡོ་དང་སྲུང་རགས་ལྟ་བུའི་ནུས་པ་ཐོན་གྱི་ཡོད། དེ་ནི་ལག་ལེན་བསྟར་འདོད་དང་མ་འདོད་ཙམ་མིན་པར་ངེས་པར་དུ་ལག་ལེན་བསྟར་དགོས་པ་ཞིག་རེད་ཅེས་བཤད།

    སྒེར་ལ་དམིགས་པའི་སློབ་གསོའི་ཐབས་ལམ་སྤྱད་པ།

    དམག་གསར་ཐོན་ཤོག་ཏུ་མི་བརྒྱ་གྲངས་ཡོད་པར་བསམ་བློའི་གཏོང་ཕྱོགས་བརྒྱ་གྲངས་དང་། དེའི་རྒྱབ་ཏུ་ཁྱིམ་ཚང་བརྒྱ་གྲངས་ཡོད་པས། གནད་དོན་འཕྲད་སྐབས་གནས་ཚུལ་བརྒྱ་གྲངས་ཀྱང་ཐོན་སྲིད། ཐབས་ཤེས་ཡག་ཤོས་ནི་དམག་མི་རེར་འཆར་གཞི་རེ་འདིང་བའི་སློབ་གསོའི་བྱེད་ཐབས་ལག་ལེན་བསྟར་རྒྱུ་དེ་རེད།

    ངོ་འཕྲད་གླེང་མོལ་དང་། གཅིག་གཏད་གཅིག་གིས་སྙན་སེང་ཞུ་བ། མཉམ་འབྲེལ་སློབ་གསོ་གཏོང་བ་བཅས་ཀྱི“བྱེད་ཐབས་གསར་པ”ཐོན་ཤོག་དེའི་ཐབས་མཆོག་ཏུ་གྱུར་ཡོད། དམག་གསར་ཚོའི་ཉིན་རེའི་སློབ་སྦྱོང་དང་སྦྱོང་བརྡར་གནས་ཚུལ་དམག་གསར་སྦྱོང་བརྡར་ལ་ཞུགས་མཁན་རྐང་འཛིན་པ་ཚོས་ཤེས་ཀྱི་ཡོད་ལ་ཁྱིམ་བདག་ཚོས་ཀྱང་ཤེས་ཀྱི་ཡོད།

    སྐད་འཕྲིན་ཚོགས་པ་བཙུགས་པ་དང་སྦྲགས། ཐོན་ཤོག་དེས་ད་དུང་དཔོན་དམག་གིས་ཐབས་དང་ཇུས་འདོན་རྒྱུར་སྐུལ་སློང་བྱས་ཏེ“དམག་གསར་གྱི་འཆད་སྟེགས”བཏོད་ཅིང་། དམག་གསར་གྱི་མི་གཤིས་ཁྱད་ཆོས་དང་དགའ་ཕྱོགས་གཞིར་བཟུང་དམག་གསར་བདམས་ནས་འཆད་ཁྲིད་བྱེད་དུ་བཅུག་སྟེ། སྙིང་གཏམ་ཤོད་རེས་དང་སྦྱོང་བརྡར་གྱི་མྱོང་བ་སྤེལ་རེས་བྱས་པས་དམག་གྲོགས་དབར་གྱི་འབྲེལ་བ་ཟབ་ཏུ་དང་གོང་བུ་འགྲིལ་ཤུགས་ཆེ་རུ་ཕྱིན་པ་རེད།

    ལམ་ལུགས་ནན་པོ་དང་ཁྲིད་སྟོན་ལེགས་པོ་མཐའ་འཁྱོངས་བྱས་པ།

    རྒྱུན་གཏན་རང་བཞིན་གྱི་དོ་དམ་ལས་དོན་ཡག་པོ་བསྒྲུབ་ཆེད། ཐོན་ཤོག་དེས“ཤེས་པ་བཞི་དང་རྗེས་ཟིན་པ་གཅིག”དོ་དམ་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་ཐབས་བྱས་པ་དང་ཆབས་ཅིག རྒྱུན་གཏན་རང་བཞིན་གྱི་བསམ་བློའི་ལས་དོན་ནས་འགོ་འཛུགས་རྒྱུ་མཐའ་འཁྱོངས་ཀྱིས་དམག་གསར་གྱི་སེམས་ཁམས་འགྱུར་ལྡོག་ལ་དོ་སྣང་ཆེན་པོ་བྱས་ནས་དུས་ཐོག་ཏུ་བསམ་བློའི་སློབ་གསོ་ཡག་པོ་གཏོང་བ་དང་། སློབ་གསོར་བརྟེན་ནས་བློ་སྒོ་འབྱེད་པ། གཅེས་སྐྱོང་བྱས་ནས་སེམས་པ་གཅིག་སྒྲིལ་བྱེད་པ། མིག་དཔེ་འདོན་པ་བཅས་བྱས་པ་མ་ཟད། ཁོང་ཚོའི་དགའ་ཕྱོགས་དང་། སྤྲོ་སྣང་། ཕུགས་བསམ་བཅས་ལ་བརྩི་འཇོག་བྱས་པས་བསམ་ཤེས་མཐོང་པོ་དང་གཅེས་སྐྱོང་ཡག་པོ་ཐུབ་ཡོད་པ་རེད། ཁོང་ཚོའི་སེམས་ཁམས་ལེགས་པའི་ཕྱོགས་སུ་ཁྲིད་སྟོན་བྱས་ནས་དམག་གསར་གྱི་ཧུར་སེམས་དང་གསར་གཏོད་འཇོན་ཐང་ཆེ་རུ་བཏང་བ་རེད།

    དོ་དམ་དང་སློབ་གསོ་ནི་ནམ་རྒྱུན་གྱི་རྒྱུན་འཁྱོངས་ལ་ཐུག་པ་དང་། འགག་རྩ་དེ་མཐའ་འཁྱོངས་དང་དཀའ་གནད་དེ་གོམས་གཤིས་ལ་ཐུག་ཡོད། ཐོན་ཤོག་དེས་སྔ་བར་ཕྱི་གསུམ་དུ་གནས་ཚུལ་ཆེ་ཆུང་ཀུན་ལ་དོ་སྣང་གིས་ཉམས་མྱོང་རིམ་གྱིས་གསོག་འཇོག་བྱེད་ཀྱི་ཡོད། རྒྱུན་དུ་ནས་དམ་འཛིན་དང་ཡང་ནས་ཡང་དུ་དམ་འཛིན་བྱས་ཏེ་དུས་དང་རྣམ་པ་ཀུན་ཏུ་གནད་དོན་དང་འགལ་ཟླ་སྣ་ཚོགས་ཐོན་རྒྱུར་དོགས་ཟོན་བྱས་ནས། དུས་ཐོག་ཏུ་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་དག་མ་ཐོན་སྔོན་འགོག་བྱས་ཏེ་དཔུང་སྡེའི་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་རྒྱུ་འགན་ལེན་བྱེད་ཀྱི་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།