[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • གཙོ་ལ་སོ་ལྟ་ཁང་གི་དཔོན་དམག་ཚོས་རྒྱལ་སྲུང་མཐའ་སྲུང་བྱས་པའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-11

    གཙོ་ལ་སོ་ལྟ་ཁང་ནི་རི་མཐོ་གཡང་གཟར་གྱི་གནས་སུ་ཆགས་པས་མི་རྣམས་ཀྱིས་རྒྱུན་དུ“བར་སྣང་གི་སོ་ལྟ་ཁང”ཞེས་བརྗོད་ཀྱི་ཡོད།

    ལོ་ལྟར་གངས་ཆེན་པོ་བབས་ནས་ལམ་འགག་གི་ཡོད་པས་སོ་ལྟ་ཁང་དེ་ཕྱི་རོལ་དབར་འབྲེལ་ཐག་ལོ་ཕྱེད་ཙམ་ཆད་ཀྱི་ཡོད་ལ། ཉེ་ཆར་གསར་འགོད་པས་ལ་ཀླུང་བརྒལ་ནས་གཙོ་ལ་སོ་ལྟ་ཁང་དེའི་རྣམ་པ་ཡང་སྙིང་གང་ཡིན་པ་ལྟ་བར་བསྐྱོད་པ་ཡིན།

    གཙོ་ལ་སོ་ལྟ་ཁང་གི་ཁོར་ཡུག

    གཙོ་ལ་སོ་ལྟ་ཁང་དེ་མུ་མཐའ་མེད་པའི་གངས་ཀྱི་ཁྲོད་གནས་ཡོད།

    གནས་དེར་ཆེས་འབེལ་ཤོས་ནི་གངས་ཡིན་ཞིང་། ས་མཐོའི་གནམ་གཤིས་འགྱུར་ལྡོག་ཆེ་བས་རི་གཤམ་དུ་གནམ་དྭངས་ཡོད་ནའང་རི་སྐེད་དུ་ཆར་པ་ཆེན་པོ་འབབ་ལ། རི་རྩེར་ཁ་བ་བུ་ཡུག་འཚུབ་པ་རེད།

    རྒྱུན་དུ་གངས་ཆུ་བསྐོལ་ནས་གོས་འཁྲུད་པ་སོགས་བྱེད་ལ། ད་ཆ་ཆ་རྐྱེན་ལེགས་སུ་ཕྱིན་ཏེ་རི་འདེབས་ནས་དྭངས་གཙང་འཐུང་ཆུ་དབོར་གྱི་ཡོད་ཀྱང་། འཚོ་བའི་ཐད་སྤྱོད་པའི་ཆུ་ནི་སྔར་བཞིན་གངས་ཆུ་ཡིན། དཔོན་དམག་ཚོས་ཐོག་སྟེང་ནས་ཆུ་མདོང་ཁྲིད་པ་དང་བཞུར་བའི་གངས་ཆུ་དག་ཆུ་ཟོམ་ཆེན་པོ་ཞིག་ནང་གསོག་བཞིན་པ་གསར་འགོད་པས་དངོས་སུ་མཐོང་བྱུང་།

    སོ་ལྟ་ཁང་གི་ས་བབ་མཐོ་བ་དང་དྲོད་ཚད་དམའ་བར་བརྟེན་སྔོ་ཁེབས་གང་ཡང་སྐྱེས་མི་ཐུབ་པ་དང་། དམག་ཆས་ནི་མིག་ལམ་དུ་འཆར་བའི་ལྗང་མདོག་གཅིག་པུ་དེ་ཡིན།

    ཁོར་ཡུག་ཞན་ནའང་བཅར་འདྲི་བྱེད་པའི་བརྒྱུད་རིམ་ནང་། གསར་འགོད་པས་དཔོན་དམག་ཚོའི་སྤྲོ་སྣང་དང་ཧུར་བརྩོན་ཆེན་པོ་ཚོར་བྱུང་། ཁོང་ཚོའི་ངོས་ནས་བརྗོད་ན་འཇིགས་པ་དང་དཀའ་སྡུག་ནི་རྒྱུན་གཏན་དུ་གྱུར་ཟིན། སོ་ལྟ་ཁང་ནས་མུ་མཐའ་མེད་པའི་གངས་རི་དང་རྐང་འོག་གི་གཡང་གཟར་ལ་ལྟ་སྐབས། ཁོང་ཚོས་དཀའ་སྡུག་ག་ཚོད་ཁྱད་བསད་བྱས་ནས་གངས་ལྗོངས་ས་མཐོ་དང་འཚོ་གནས་དཀའ་བའི་ཁུལ་དེར་རྩ་བ་བརྟན་པོར་ཚུགས་ཐུབ་པ་གསར་འགོད་པས་གཞི་ནས་ཤེས་བྱུང་། 

    དམག་ཆས་ལུས་ལ་གྱོན་པ་ནས་བཟུང་། ལྷག་བསམ་རྣམ་དག་དང་། དཔའ་ངར་ཆེ་བ། དམག་འཐབ་ལ་མཁས་པ། ལེགས་སྐྱེས་འབུལ་བ་བཅས་ནི་ཁོང་ཚོའི་ཕྲག་ཏུ་བབ་པའི་གཟི་བརྗིད་ལྡན་པའི་འགན་འཁྲི་ཉག་ཅིག་དེ་ལགས། 

    གཙོ་ལ་སོ་ལྟ་ཁང་གི་སྐད་སྒྲ།

    གློག་སྒུལ་འཕྲུལ་འཁོར་གྱི་ལྡིར་སྒྲ་ནི་གསར་དུ་བསྐྲུན་པའི་དཔྱང་ཟམ་ནས་ཟས་རིགས་སོགས་དབོར་བའི་སྐད་རེད། དཔྱང་ཟམ་བསྐྲུན་པ་ལས་དུས་རབས་ཕྱེད་ཀ་ཙམ་རིང་མི་དང་ཕྱུགས་ལ་བརྟེན་ནས་དབོར་འདྲེན་བྱེད་པའི་ལོ་རྒྱུས་རྦད་དེ་མཇུག་འགྲིལ་བ་རེད།

    “དཔྱང་ཟམ་ཐོག་དངོས་ཟོག་འབོར་ཆེན་དབོར་འདྲེན་ཐུབ་པས། ང་ཚོར་དངོས་ཟོག་འབེལ་པོ་བྱུང་ཞིང་། གཏེར་ཆུ་འཐུང་རྒྱུ་ཡོད་ལ་ལྟོ་དུས་རེར་ཚལ་སྣ་ཁ་ཤས་ཀྱང་ཟ་རྒྱུ་འདུག ད་ཆ་སོ་ལྟ་ཁང་གི་དཔོན་དམག་ཚོས་དུས་བཞིར་སྔོ་ཚལ་དང་ཤིང་འབྲས་སོས་པ་ཟ་བའང་དེ་སྔ་ལྟར་དཀའ་བའི་ལས་ཞིག་གཏན་ནས་མིན”ཞེས་ཕའེ་ཀྲང་ནོར་འཕེལ་གྱིས་བཤད།

    དཔྱང་ཟམ་ཐོག་དངོས་ཟོག་དབོར་འདྲེན་བྱེད་སྐབས། གསར་འགོད་པས་དཔྱང་ཟམ་གྱི་སྣེ་གཞན་ཞིག་ནམ་མཁའི་དབྱིངས་དང་འབྲེལ་ཡོད་པ་མཐོང་བྱུང་། དཔོན་དམག་ཚོས་དངོས་ཟོག་དག་ལྕགས་ཟོམ་ནང་བླུགས་པ་དང་དེ་རྗེས་འཕྲུལ་འཁོར་གྱི་གློག་སྒོ་ཕྱེ་ནས་ལྕགས་ཟོམ་དག་སོ་ལྟ་ཁང་དུ་དལ་གྱིས་དབོར་གྱི་ཡོད།

    སོ་ལྟ་ཁང་དུ་ཞག་གཅིག་ལས་མ་བསྡད་ཀྱང་དེའི་དགོང་མོར་འབྲུག་སྒྲ་གྲགས་པ་དང་གློག་དམར་འཁྱུག་པས་གསར་འགོད་པ་ཅིས་ཀྱང་གཉིད་མ་ཁུག “སོ་ལྟ་ཁང་དུ་ཧ་ལམ་ཉིན་ལྟར་གློག་དམར་འཁྱུག་པས། ང་ཚོ་སྔ་མོ་ནས་གོམས་ཟིན”ཞེས་འཐབ་འཛིང་པ་ཚོས་སྣང་བ་མེད་པར་གསར་འགོད་པར་བརྗོད།

    ཕྱི་ལ་འབྲུག་སྒྲ་གྲགས་ཚེ་དཔོན་དམག་ཚོས་འཕྲལ་དུ་གློག་ཁུངས་གསོད་པ་དང་ལག་ཐོགས་ཁ་པར་ཡང་ལམ་སེང་ཁ་བཀག་གི་ཡོད། གང་ཡིན་ཞེ་ན་གློག་དམར་རྒྱུན་དུ་གློག་འཁྱུད་སླ་བའི་དངོས་པོ་སྣ་ཚོགས་བརྒྱུད་དེ་སོ་ལྟ་ཁང་དུ་མཆེད་ནས་ལག་ཐོགས་ཁ་པར་སོགས་བསྲེགས་མྱོང་ལ། ད་དུང་སྨིན་མ་ཡང་བསྲེགས་མྱོང་བ་རེད། “ཐེངས་ཤིག་ངས་ཁ་པར་རྒྱག་སྐབས། གློག་དམར་འཁྱུད་བྱུང་བས་གདོང་གཡོན་མ་ཡོངས་སུ་སྦྲིད་སོང་”ཞེས་རིམ་བཞིའི་ཅུན་ཧྲི་ཀྲང་དབྱང་ཏུང་རུའུ་ཡིས་བཤད།

    སྨག་རུམ་ཡོངས་སུ་འཐིབས་པ་དང་བསྟུན་ནས་སོ་ལྟ་ཁང་དུ་དཔོན་དམག་ཚོའི་དཔེ་ཀློག་གི་སྒྲ་དང་། སྐད་གསང་མཐོན་པོའི་གླུ་སྒྲ། ད་དུང་སོ་ལྟ་ཁང་གི་ཕྱི་རོལ་དུ་ལག་ཐོགས་ཁ་པར་འཁྱེར་ནས་བརྡ་རྟགས་འཚོལ་བའི“ཝུའེ། ཝུའེ”ལ་སོགས་པའི་སྒྲ་རིམ་གྱིས་གྲགས་བྱུང་།

    zhuy966.jpg

    འདི་ནི་དམག་མིའི་སྨན་པས་གཙོ་ལ་སོ་ལྟ་ཁང་གི་དཔོན་དམག་ལ་གཟུགས་པོ་བརྟག་དཔྱད་བྱེད་བཞིན་པ།

    གཙོ་ལ་སོ་ལྟ་ཁང་གི་མཐོ་ཚད།

    གཙོ་ལ་སོ་ལྟ་ཁང་གི་ས་བབ་མཐོ་ཚད་སྨི་4687ཡིན།

    དཔོན་དམག་ཚོ་ནམ་མཁའ་དང་ཐག་ཉེ་ནའང་ཁྱིམ་དང་ཁ་ཐག་ཧ་ཅང་རིང་། ཁོམ་སྐབས་སུ་ཁོང་ཚོས་རི་སྟེང་དུ་འཛེགས་ནས་ཁ་པར་རྒྱག་གི་ཡོད། ཐག་རིང་དུ་གནས་པའི་ཕ་མ་དང་། བཟའ་ཟླ། བུ་ཕྲུག དགའ་རོགས་སོགས་ལ་ཟླ་ཁ་ཤས་སམ་ཡང་ན་ལོ་ཤས་ཐུག་འཕྲད་བྱུང་མེད།

    དཔྱང་ཟམ་མ་བསྐྲུན་གོང་། ཁོང་ཚོས་རི་གཤམ་ནས་ཚལ་དང་དངོས་ཟོག་སྒལ་པར་དབོར་དགོས་ཀྱི་ཡོད། ལོ་ལྟར་གངས་བབས་ནས་རི་ལམ་འགག་པའི་སྐབས་སུ་རྐང་ཐང་མར་གངས་རི་བརྒལ་ནས་དངོས་ཟོག་དབོར་བར་ཆུ་ཚོད་5ཙམ་འགོར་གྱི་ཡོད་པས། ཁོང་ཚོར་དཀའ་ངལ་ཇི་ཙམ་ཡོད་པ་ནི་བསམ་བློར་འཁོར་དཀའ་བ་ཞིག་རེད།

    སོ་ལྟ་ཁང་གི་སྐས་འཛེགས་266གཤམ་དུ་གངས་ཆུ་གསོག་སའི་རྫིང་བུ་ཡོད་ལ། ཆར་པ་དང་གངས་མི་འབབ་པའི་སྐབས་སུ་དཔོན་དམག་ཚོས་འཚོ་བའི་ཆུ་དེ་ག་ནས་ལེན་གྱི་ཡོད། “སོ་ལྟ་ཁང་གི་རི་རྩེའི་དཔོན་དམག་ཚོའི་འཚོ་བའི་ཆུ་ནི་ཆར་ཆུ་དང་གངས་ཆུ་ཡིན་པ་དང་། ཆར་པ་དང་གངས་མི་འབབ་པའི་སྐབས། རི་གཤམ་ནས་ཆུ་དབོར་དགོས་ལ། ཐེངས་གཅིག་དབོར་ན་ཆུ་ཚོད་གཉིས་འགོར་གྱི་ཡོད”ཅེས་དམག་མི་ཕོང་མའོ་ལིན་གྱིས་བརྗོད།

    གཙོ་ལ་སོ་ལྟ་ཁང་གི་རང་བྱུང་ཁོར་ཡུག་ཧ་ཅང་ཞན་པ་དང་རྒྱུན་དུ་སྨུག་པས་བསྒྲིབས་ལ། རྟག་ཏུ་ཁ་བ་བུ་ཡུག་འཚུབ་པས་དཔོན་དམག་ཕལ་ཆེ་བར་སྙིང་ནད་དང་གྲུམ་བུའི་ནད་སོགས་ས་མཐོའི་ནད་ཕོག་ཡོད། དཔོན་དམག་ཚོས་ལོ་མང་གནས་དེ་བསྲུངས་ནས་རང་ཉིད་ཀྱི་ལང་ཚོ་དང་ཁྲག་དྲོན་ལ་བརྟེན་ཏེ་གངས་ལྗོངས་ས་མཐོར་ངར་ལྕགས་ལྟ་བུའི་མཁར་རྫོང་ཞིག་བསྐྲུན་ཞིང་། 2008ལོ་ནས་བཟུང་གཙོ་ལ་སོ་ལྟ་ཁང་གིས་སྔ་རྗེས་སུ་མཉམ་སྡེབ་བྱས་རྗེས་རིམ་པ་གཉིས་པ་ཐེངས་གཅིག་དང་མཉམ་སྡེབ་རིམ་པ་གསུམ་པའི་བྱས་རྗེས་ཐེངས་གསུམ་བཞག་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།