[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • ཨ་མདོ་རྫོང་གིས།

    ནག་སེལ་གཤེད་བཅོམ་དང་ལོག་སེལ་ཟིང་བཅོས་ཀྱི་ཆེད་དོན་འཐབ་རྩོད་ཀྱི་གྲུབ་འབྲས་འགྲེམས་སྟོན་ཐོག་མ་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-25

    zengfg96145.jpg

    འདི་ནི་ཨ་མདོ་རྫོང་གི་ནག་སེལ་གཤེད་བཅོམ་དང་ལོག་སེལ་ཟིང་བཅོས་ཀྱི་ཆེད་དོན་འཐབ་རྩོད་ཀྱི་གྲུབ་འབྲས་འགྲེམས་སྟོན་ཐོག་མ་བྱ་ཡུལ་ཡིན་པ།

    ནག་སེལ་གཤེད་བཅོམ་དང་ལོག་སེལ་ཟིང་བཅོས་ཀྱི་ཆེད་དོན་འཐབ་རྩོད་ཀྱི་འབྲེལ་ཡོད་ནང་དོན་སྐོར་ལ་དམངས་ཡོངས་ཀྱི་ཤེས་ཚད་དང་རྟོགས་ཚད་མཐོ་རུ་གཏོང་ཆེད། ཉེ་ཆར། ཨ་མདོ་རྫོང་སྤྱི་བདེ་ཅུས་ཀྱིས་དམིགས་བསལ་ཉེན་རྟོག་རུ་ཆེན་དུ་ནག་སེལ་གཤེད་བཅོམ་དང་ལོག་སེལ་ཟིང་བཅོས་ཀྱི་ཆེད་དོན་འཐབ་རྩོད་ཀྱི་གྲུབ་འབྲས་འགྲེམས་སྟོན་ཐོག་མ་བྱས་ཤིང་། ཨ་མདོ་རྫོང་སློབ་འབྲིང་གི་སློབ་མ་དང་བྲག་ནག་གྲོང་རྡལ་ཁོངས་གཏོགས་ཁུལ་གྱི་འབྲོག་པ་60ཙམ་གྱིས་ས་གནས་ས་ཐོག་ཏུ་ལྟ་སྐོར་བྱས་པ་རེད།

    ཨ་མདོ་རྫོང་མི་དམངས་ཉེན་རྟོག་པས་གྱོད་དཔེ་དངོས་དང་དངོས་རྫས་འགྲེམས་སྟོན་གཉིས་ཟུང་འབྲེལ་གྱིས་ས་གནས་ས་ཐོག་ཏུ་མང་ཚོགས་ལ་ནག་ཆུ་གྲོང་ཁྱེར་གྱིས་གཏན་ལ་ཕབ་པའི“རྡུང་རྡེག་གཏོང་ཡུལ་གཙོ་བོ་25”དང་། གཤེད་འབྲེལ་ཉེས་གསོག་རིགས་དགུའི་ཁྱད་ཆོས་དང་ངོས་འཛིན་བྱ་ཐབས། བྱ་དགའི་ཐེར་འདོན་ཐབས་ལམ། མེ་མདའ་གཞུང་བཞེས་དང་འབར་རྫས་སེལ་བཅོས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ། ཨ་མདོ་རྫོང་དུ་ཆེད་དོན་འཐབ་རྩོད་ལས་དོན་སྤེལ་བའི་འབྲེལ་ཡོད་བྱ་ཐབས་དང་གྲུབ་འབྲས་སོགས་ཀྱི་ནང་དོན་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་མ་ཟད། ད་དུང་མང་ཚོགས་ལ་རང་རྟོགས་དང་རང་འགུལ་ངང་བྱེད་སྒོར་ཞུགས་ནས་ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་ཅིག་ཐུན་མོང་ཐོག་གཏོད་རྒྱུའི་སྐུལ་ལྕག་བཏང་བ་རེད།

    བྱེད་སྒོ་བརྒྱུད། མང་ཚོགས་ཀྱིས་ཨ་མདོ་རྫོང་གི་ནག་སེལ་གཤེད་བཅོམ་དང་ལོག་སེལ་ཟིང་བཅོས་ཀྱི་ཆེད་དོན་འཐབ་རྩོད་བྱ་ཚུལ་དང་གྲུབ་འབྲས་ཤེས་རྟོགས་གཏིང་ཟབ་ཐུབ་ཡོད་ལ། མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་དང་བདེ་སྐྱིད་ཚོར་སེམས་ཀྱང་ཆེ་རུ་ནུས་ལྡན་ཕྱིན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།